མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་འཇར་པན་གྱིས་ཧན་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་མདའ་མདེལ་གྱིས་རོགས་སྐྱོར་བྱས་པ་ནི་བྱ་སྤྱོད་བཟང་བོ་ཞིག་ཡིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་འཇར་པན་གྱིས་སུའུ་ཏན་ལྷོ་མ་རུ་ཡོད་པའི་ཧན་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་མདའ་མདེལ་གྱིས་རོགས་སྐྱོར་བྱས་པ་ནི་བྱ་སྤྱོད་བཟང་བོ་ཞིག་ཡིན་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། ཧན་གོའི་དམག་དཔུང་ནི་འཐབ་འཛིང་དམག་གིས་གྲུབ་པ་མིན་པར་གཙོ་བོ་ལག་རྩལ་དམག་མིས་གྲུབ་པ་ཡིན་ཞིང་། དམག་མི་ཡང་མང་བོ་མེད་པས་མདའ་མདེལ་གྱི་རོགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན་པ་རེད། དེ་ནི་ལག་རྩལ་མི་སྣས་གྲུབ་པའི་ཧན་གོའི་དམག་དཔུང་གིས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྤྱད་པའི་ལུགས་མཐུན་གྱི་བྱེད་ཐབས་ཤིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་མངག་ཚོགས་པའི་བཀོད་འདོམ་དཔོན་པོས་མདའ་མདེལ་གཅིག་ཏུ་བསྡུས་རྗེས་ཧན་གོའི་དམག་དཔུང་ལ་རོགས་སྐྱོར་བྱས་པ་ནི་ལུགས་དང་མཐུན་པའི་བྱ་སྤྱོད་ཅིག་རེད་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཅིན་མེན་པའེ་ཡིས་བསྟན་དོན། ཧན་གོའི་དམག་དཔུང་གིས་སྔར་ཡོད་ཀྱི་མདའ་མདེལ་བཀོལ་ནས་འགོག་སྲུང་བྱས་ཆོག་ཀྱང་། མདའ་མདེལ་གསོག་འཇོག་བྱས་ཏེ་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་བྱེད་དགོས་ཟེར། དེའི་སྔོན་རྒྱལ་སྲུང་པུའུ་ཡིས་བསྟན་དོན། སུའུ་ཏན་ལྷོ་མའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱི་གཞི་རྒྱ་དང་དེས་བདག་བཟུང་བྱས་པའི་ས་ཁོངས་ལ་བལྟས་ན། ཧན་གོའི་དམག་དཔུང་གི་མདའ་མདེལ་གྱིས་འདང་དཀའ་བས། རོགས་སྐྱོར་རེ་བ་འདོན་པའི་བྱེད་ཐབས་སྤྱད་པ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག