མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་དུ་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས26ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མའི་ཚོ་ཁག་ས་ཁུལ་དུ་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་མང་བོར་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཝ་ཅི་ལི་སི་ཐན་བྱང་མའི་མུས་ལན་ཧྲ་ཨ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་དོགས་པའི་ཁང་བ་ཞིག་ལ་མེ་ཤུགས་འཕུར་མདའི་བརྒྱབ་པ་རེད། བྱེ་བྲག་གི་གནས་ཚུལ་ལ་སྔར་ལས་རྟོག་ཞིབ་གསལ་བོ་བྱེད་དགོས་ཟེར།

ཐེངས་འདིའི་ཨ་མེ་རི་ཁའི་མི་བསྡད་མེད་པའི་བར་སྣང་འཇབ་རྒོལ་ནི་ད་ལོར་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་ནས་བྱུང་བའི་རིགས་མཐུན་དོན་རྐྱེན་ཐེངས་ཉེར་དྲུག་པ་རེད། ད་ལོའི་ཚུན་ལ། ཕཱ་ཁི་སི་ཐན་ནས་ཉུང་མཐར་ཡང་མི་བརྒྱ་དང་རེ་དྲུག་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག