མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ནེ་ཀི་ཡིས་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་ཀྱི་སྡེ་ཚོགས་ཡིན་པར་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:26

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་བར་བརྒལ་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་མཐོ་རིམ་སློབ་གསོའི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་དབྱེ་སཱ་ཡིས་ཚེས25ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ནེ་ཀི་ཡིས་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་ཀྱི་སྡེ་ཚོགས་ཡིན་པར་ཐག་གཅོད་བྱས་ཡོད་ཟེར།

དབྱེ་སཱ་ཡིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་ཆོད་དོན་དེ་ཁྱབ་སྒྲོག་བྱས་པར་མ་ཟད། ནེ་ཀི་ཡིས་ཆོད་དོན་དེ་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་མཐུན་ནང་ཞུགས་པའི་ཨ་རབ་རྒྱལ་ཁབ་གཞན་དག་ལ་བསྒྲག་རྒྱུ་ཡིན་ཟེར།

དབྱེ་སཱ་ཡིས་མུའུ་སི་ལིན་སྤུན་ཟླའི་ཚོགས་པས་ཨེ་ཅིབ་ཀྱི་མངའ་ཁོངས་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་མང་སྤེལ་བར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། ཨེ་ཅིབ་ཀྱི་ཉེས་ཁྲིམས་ཁྲོད་ཀྱི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་སྐོར་གྱི་ནང་དོན་ལྟར་ན། ནེ་ཀི་ཡི་ཆོད་དོན་དེས་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་བྱ་འགུལ་གང་རུང་ལ་ཞུགས་པ་དང་དེར་རོགས་སྐྱོར་བྱས་པ། དྲིལ་སྒྲོག་བྱས་པའི་མི་ཚང་མར་བཅའ་ཁྲིམས་ཀྱི་བཀག་སྡོམ་ཐེབས་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག