མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱིས་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ཡིན་པར་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:32

24日,曼苏拉市,人们在爆炸现场围观。.jpg

ཚེས24ཉིན། མན་སུའུ་ལཱ་གྲོང་ཁྱེར་ནས་མི་རྣམས་འགས་གཏོར་དོན་རྐྱེན་བྱུང་སར་འདུས་ཡོད་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨེ་ཅིབ་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་ཆི་མུའུ་པེ་པུའུ་ལཱ་ཝེ་ཡིས་ཚེས24ཉིན་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ཡིན་པར་ཁྱབ་བསྒྲགས་བྱས། གནས་ཚུལ་དེ་མ་བསྒྲགས་པའི་དུས་ཚོད་འགའི་སྔོན་ལ། བྱང་ཕྱོགས་ཀྱི་མན་སུའུ་ལཱ་གྲོང་ཁྱེར་གྱི་ཉེན་རྟོག་ཅུའུ་ཡི་སྤྱི་ཁྱབ་པུའུ་ཞིག་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཙམ་ལ་རྨས་ཕོག ཉེན་རྟོག་པ་མང་བོ་ཞིག་ལ་ཤི་རྨས་ཐེབས་ཡོད།

    ཚེས24ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་བཅུའི་སྟེང་། མན་སུའུ་ལཱ་གྲོང་ཁྱེར་གྱི་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་ཐོག་ཁང་ཆེན་མོའི་ཉེ་འདབས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ། ཞིང་ཆེན་དེའི་ཉེན་རྟོག་པའི་སྤྱི་ཁྱབ་དཔོན་པོར་འགས་གཏོར་ཁྲོད་རྨས་སྐྱོན་ཕོག་དང་། བརྩེགས་རིམ་ལྔ་ཅན་གྱི་ཐོག་ཁང་དེར་གཏོར་བརླག་ཐེབས་ཆེན་ཐེབས། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཤི་རྨས་ཐེབས་པའི་མིའི་ཁྲོད་ཉེན་རྟོག་པ་མང་བོ་ཡོད་ལ། ཉུང་མཐར་ཡང་མཐོ་རིམ་བདེ་འཇགས་དཔོན་པོ་གཉིས་ལ་རྨས་ཕོག་ཟེར།

    དམག་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། ཉིན་དེའི་བར་དུ་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བརྒྱ་དང་གྱ་བཞི་བསད་པ་དང་། མི་བརྒྱད་བརྒྱ་དང་གསུམ་འཛིན་བཟུང་བྱས། དེ་ལས་གཞན་དྲག་ཆས་དམག་དཔུང་གིས་ད་རུང་ཞི་ནཱ་ཕྱེད་གླིང་དང་ཅཱ་ཧྲ་ས་ཁུལ་གྱི་ས་འོག་རྒྱུ་ལམ་བདུན་བརྒྱ་དང་གྱ་དྲུག་གཏོར་བ་དང་། དམག་ཕྱོགས་ཀྱིས་བལྟས་ན་ས་འོག་རྒྱུ་ལམ་དེ་དག་ནི་དྲག་ཆས་མི་སྣ་དང་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་ཐད་ལ་བཀོལ་བཞིན་ཡོད་པར་འདོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག