མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ཞི་རུ་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་བཞི་ལྷག་ལ་གནོད་འཚེ་ཐེབས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞིའི་ཤར་ལྷོའི་ཕྱོགས་ཀྱི་གྲོང་ཁྱེར་ལ་ཆུ་ལོག་གི་གནོད་འཚེ་ཐེབས་པ་དང་། མིག་སྔར་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

པཱ་ཞིའི་ཤར་ལྷོའི་ཕྱོགས་ཀྱི་གྲོང་ཁྱེར་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་ཐེབས། དེ་ལས་གཞན། ཆུ་ལོག་གི་གནོད་འཚེ་ལས་མུས་ནཱ་སི་ཅི་ལཱ་སི་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་བརྒྱ་ལྷག་ལ་གནོད་པ་ཐེབས། ཧྲིན་ཨེ་སི་ཕིས་ལི་ཐུའུ་ནས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། ཧ་ལམ་མི་ཁྲི་བཞི་ལྷག་ལ་གནོད་འཚེ་ཐེབས་ཏེ་རང་ཁྱིམ་དང་མི་འབྲལ་ཐབས་མེད་བྱུང་།

གནོད་འཚེ་བྱུང་རྗེས། པཱ་ཞིའི་འབྲེལ་ཡོད་སྡེ་ཁག་གིས་བྲེལ་མྱུར་རྒུད་སྐྱོབ་བྱ་འགུལ་སྤེལ་ཏེ་གྱོང་གུད་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་པར་བརྩོན་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག