མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་འཇར་པན་དང་ཨུ་རུ་སིའི་མངའ་ཁོངས་རྩོད་གཞིའི་དབང་གིས་སུའུ་ཆི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་མིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:32

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གསར་འགྱུར་ལས་རིགས་ཀྱིས་ཚེས24ཉིན་བཤད་རྒྱུར། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉེ་སྔོན་ཆོད་དོན་སྤེལ་ཏེ་སང་ལོའི་ཟླ་གཉིས་པའི་ཚེས་བདུན་ཉིན་ཨུ་རུ་སིའི་སུའུ་ཅི་ནས་སྤེལ་རྒྱུ་ཡིན་པའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་མིན། དེའི་རྒྱུ་མཚན་ནི་ཉིན་དེ་འཇར་པན་གྱི་བྱང་ཕྱོགས་མངའ་ཁོངས་ཉིན་མོར་ཁེལ་ཡོད་པས། འཇར་པན་གྱི་འཇར་པན་དང་ཨུ་རུ་སིའི་རྩོད་གཞིར་གྱུར་བའི་མངའ་ཁོངས་ཐད་ཀྱི་སྔར་ཡོད་ལངས་ཕྱོགས་ལ་བསམ་བློ་བཏང་སྟེ། ཀུན་ལ་ཚོར་བ་སྐྱེན་པའི་ཉིན་མོ་དེ་ཡོལ་ཐབས་བྱེད་རྒྱུ་ཐག་བཅད་པ་རེད། དེ་བས་ཨན་པའེ་ཅིན་སན་ནི་ཧྥ་རན་སི་དང་། ཨ་མེ་རི་ཁ། ཁཱ་ནཱ་ཏཱ། འཇར་མན། དབྱིན་ཇི་བཅས་ཀྱི་རྗེས་ནས་སུའུ་ཆི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་མི་ཞུགས་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་གྱུར་བ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨན་པའེ་ཅིན་སན་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་མི་ཞུགས་པའི་རྒྱུ་མཚན་ནི་བྱང་ཕྱོགས་མངའ་ཁོངས་ཉིན་མོ་ཡིན་པ་ལས་གཞན། ཚེས་བདུན་ཉིན་དེ་འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཚོགས་ལ་ཁེལ་ཡོད་པས་ཡིན། ཨན་པའེ་ཅིན་སན་གྱིས་སུའུ་ཆི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་སུ་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་པར་བཀོད་སྒྲིག་བྱས་ཡོད། འཇར་པན་དང་ཨུ་རུ་སིའི་མགོ་གཙོས་གྲོས་མོལ་མ་བྱས་གོང་། འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པས་གྲོས་མོལ་དེ་སང་ལོའི་ཟླ་དང་པོར་ཏུང་ཅིན་ནས་སྤེལ་རྒྱུ་ཡིན་ཞིང་། འཇར་པན་ཕྱོགས་ཀྱིས་ཐེངས་དེའི་གྲོས་མོལ་གྱི་གྲུབ་འབྲས་ལ་གཞིགས་ཏེ་ཨན་པའེ་ཅིན་སན་དང་ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་བྱང་ཕྱོགས་མངའ་ཁོངས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་རིགས་གཅིག་དུང་ཞེན་ཅན་གྱི་བཅའ་ཁྲིམས་དབང་གིས་ཡོ་རོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་མང་བོ་སུའུ་ཆི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཁས་ལེན་མ་བྱས། ཉིས་སྟོང་བཅུ་བཞི་ལོར་ཨུ་རུ་སི་ཡིས་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་སང་ལོའི་ཟླ་དྲུག་པར་སུའུ་ཆི་ནས་སྤེལ་རྒྱུ་རེད། མིག་སྔར་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་རྒྱལ་ཁབ་དྲུག་གི་མགོ་ཁྲིད་པས་སུའུ་ཆི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་མི་ཞུགས་པའི་བསམ་ཚུལ་བསྟན་ཡོད། ཁོ་ཚོ་ནི་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ། ཁཱ་ནཱ་ཏཱའི་ཙུང་ལི་ཧཱ་པའོ། འཇར་མན་གྱི་ཙུང་ཐུང་ཀའོ་ཁི། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་བཅས་རེད། འཇར་པན་ཕྱོགས་ཀྱིས་བཤད་རྒྱུར། ཨན་པའེ་ཅིན་སན་སུའུ་ཆི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་མ་ཞུགས་པ་ནི་འགྲོ་མིའི་ཐོབ་ཐང་གི་གནད་དོན་ལ་འབྲེལ་བ་ཅི་ཡང་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག