མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱ་རུ་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་ཁྲབ་ལྡན་འཁོར་ལོ་མངག་གཏོང་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-24 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས23ཉིན་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱ་རུ་ཁྲབ་ལྡན་འཁོར་ལོ་ཉེར་ལྔ་དང་རླངས་འཁོར་གཞན་པ་ལྔ་བཅུ་མངག་གཏོང་བྱས་ཏེ། རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་ཐད་བཀོལ་དུ་བཅུག་ནས། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་རོགས་རམ་བྱས་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་སྤྲད་པའི་སྙན་ཞུའི་ནང་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཚེས18ཉིན་ནས་ཚེས20ཉིན་བར་ཁཱ་མཱ་ཚི་ཁཱ་རླངས་འཁོར་ལྔ་བཅུ་དང་བུའུ་ལཱ་ཨར་ཁྲབ་ལྡན་འཁོར་ལོ་ཉེར་ལྔ། དེ་མིན་སྒྲིག་ཆས་གཞན་པ་སོགས་མཁའ་ལམ་བརྒྱུད་དེ་སི་རི་ཡཱའི་གྲུ་ཁའི་གྲོང་ཁྱེར་ལཱ་ཐཱ་ཅི་ཡཱ་རུ་བསྐྱལ་ཡོད་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་སྲུང་གིས་སི་རི་ཡཱ་རུ་སྒྲིག་ཆས་དང་དངོས་རྫས་བསྐྱལ་བ་ནི་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་གྲ་སྒྲིག་བྱེད་པའི་ཆེད་དུ་ཡིན་ཟེར།

སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོས་གཟའ་འཁོར་སྔོན་མར་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ལཱ་ཐཱ་ཅི་ཡཱ་རུ་གནམ་གྲུ་བཅུ་མངག་སྟེ་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པར་བཤད་མྱོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག