མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་སློབ་ཆུང་ཞིག་གི་གམ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 10:49

叙利亚一所小学旁发生汽车炸弹袭击致10人死亡.jpg

རྒུད་སྐྱོབ་རླངས་འཁོར་གྱིས་ཡུལ་དངོས་སུ་རྒུད་སྐྱོབ་བྱེད་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་ཧའོ་མུའུ་སི་ཞིང་ཆེན་གྱི་སློབ་ཆུང་ཞིག་གི་གམ་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། ཤི་བོའི་ཁྲོད་སློབ་ཆུང་སློབ་མ་ལྔ་ཡོད་ཟེར།

    སི་རི་ཡཱ་ནས2011ལོའི་སྤྱི་ཟླ3པའི་ཚུན་ལ་དབང་འཛིན་ལས་ཁུངས་དང་ངོ་རྒོལ་ཕྱོགས་ཁག་གི་འཁྲུག་རྩོད་རྒྱུན་ཆད་མེད་པར་བྱུང་། དེའི་སྐབས་སུ་རྒྱལ་ཁབ་དེའི་མི་འབུམ་གཅིག་ལྷག་རྐྱེན་ལམ་དུ་ཤོར་ཡོད། སི་རི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་བཤད་རྒྱུར། ཁོ་ཚོའི་མདུན་དུ་ལྷགས་པ་ནི་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་ཅིང་མཚོན་ཆ་གང་བཟང་ཡོད་པའི་དྲག་ཆས་ཉེས་ཅན་གྱི་ངོ་རྒོལ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག