མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཉེས་ཅན་གསུམ་གྱིས་ཀྲུང་གོའི་སྤྱི་དམངས་གཅིག་ལ་གཅར་རྡུང་བྱས་ཏེ་བསད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མེ་མདའ་སོགས་བཟུང་ཡོད་པའི་ཉེས་ཅན་གསུམ་གྱིས་ཡེ་ཁཱ་ཅེ་ལིན་པའོ་གྲོང་ཁྱེར་གྱི་ཅི་ལོ་ཧྥུའུ་ས་ཁུལ་ནས་ཀྲུང་གོའི་སྤྱི་དམངས་འགར་འཇབ་རྒོལ་བྱས་པར་མ་ཟད། དེའི་ནང་ཀྲུང་གོའི་མི་གཅིག་ལ་གཅར་རྡུང་བྱས་ཏེ་བསད་ཟེར། གནས་ཚུལ་དེ་ནི་ཁྲིམས་སྲུང་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཨུ་རུ་སིའི་ཞིན་ཧྭ་གསར་འགྱུར་ཁང་ལ་བསྒྲགས་པ་རེད།

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཞོགས་པའི་དུས་ཚོད་བདུན་དང་སྐར་མ་སུམ་ཅུའི་ཡས་མས་སུ་གུང་གཞོན་ཚོགས་པའི་སྲང་ལམ་གྱི་ཐོག་ཁང་ཉེར་དགུ་བ་ནས། ཐོབ་ཐང་གསལ་བོར་མི་ཤེས་པའི་མི་གསུམ་གྱིས་ཐོག་ཁང་དེར་ཁང་བ་གླས་ཡོད་པའི་ཀྲུང་གོའི་སྤྱི་དམངས་འགའ་ལམ་ནས་བཀག་པ་དང་། ཉེས་ཅན་དེ་དག་གིས་མེ་མདའ་སོགས་ཀྱི་འཇིགས་སྐུལ་འོག ཀྲུང་གོའི་སྤྱི་དམངས་དེ་དག་ཕྱིར་གླ་ཁང་དུ་ལོག་ཏུ་བཅུག་རྗེས། ཉེས་ཅན་དག་གིས་ཁོ་ཚོ་བཀྱིག་རྗེས་གཅར་རྡུང་བྱས། ཉེས་ཅན་དག་གིས་ཁང་བའི་ནང་ནས་ཨུ་རུ་སིའི་སྒོར་མོ་ཁྲི་གསུམ་དང་མི་དམངས་ཤོག་སྒོར་སྟོང་ལྔ། གློག་ཀླད་གཅིག ཁ་པར་བཞི། རྒྱན་ཆ་རེ་འགའ་འཕྲོག་རྗེས་བྲོས་བྱོལ་བྱས་པ་རེད་ཟེར།

ཁོས་བསྟན་དོན། དེའི་ནང་གནོད་ཐེབས་མི་སྣ་གཅིག་གི་རྨས་སྐྱོན་ཚབས་ཆེ་བས་རྐྱེན་ལམ་དུ་ཤོར་ཟེར།

ཨུ་རུ་སིའི་ནང་སྲིད་པུའུ་གསར་འགྱུར་ལྟེ་གནས་ཀྱིས་བདེན་དཔང་བྱས་དོན། རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེ་འཕྲོག་བཅོམ་དང་བསམ་བཞིན་གཞན་ལ་གནོད་པ་བཏང་བའི་ཉེས་མིང་ལྟར་ཉེས་དོན་གྱོད་གཞིར་གཏན་འཁེལ་བྱས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག