མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་ཁུ་པཱ་ལ་འཚམས་འདྲི་བྱེད་སྐབས་ཁཱ་སི་ཐི་ལོ་དང་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གཟའ་སྤེན་པ་ཉིན་ནས་བཟུང་ཁུ་པཱ་ལ་འཚམས་འདྲི་བྱས་པའི་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཁུ་པཱའི་སྔོན་ཆད་ཀྱི་མགོ་ཁྲིད་པ་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་ལ་ཐུག་འཕྲད་བྱས་ཟེར།

མཱ་ཏུའུ་ལོ་ཡིས་བཤད་རྒྱུར། ཁཱ་སི་ཐི་ལོ་དང་ཁཱ་ཝེ་སི་ཡིས་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་བྱས་ནས་ལོ་ངོ་བཅུ་དགུ་འགོར་བ་དང་། མེ་གླིང་གི་པའོ་ལེ་ཝ་ཨར་མནའ་མཐུན་བཙུགས་ནས་ལོ་ངོ་དགུ་འགོར་བའི་སྐབས་སུ། བདག་གིས་ཁུ་པཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པར་མ་ཟད། ཁཱ་སི་ཐི་ལོ་ལ་ཐུག་འཕྲད་བྱས་ཟེར།

མཱ་ཏུའུ་ལོ་ཡིས་ད་རུང་བཤད་རྒྱུར། ཁོ་དང་ཁཱ་སི་ཐི་ལོ་གཉིས་ཀྱིས་དུས་ཚོད་རིང་བོ་ཞིག་ལ་གྲོས་མོལ་བྱས་པ་དང་། ཁོས་ཞི་མིན་པའོ་ལེ་ཝེ་ཨར་ཕྱོགས་སྒྲིག་ཅིག་ལག་སྐྱེས་ཀྱི་ཚུལ་དུ་ཁཱ་སི་ཐི་ལོ་ལ་བྱིན་པ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག