མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གིས་རྒྱལ་ཁབ་དྲུག་བར་གྱི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་གྲུབ་འབྲས་མངོན་གསལ་མིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས22ཉིན་ཏི་ཧེ་ལན་ནས་བཤད་རྒྱུར། དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གི་གྲོས་མོལ་གྱི་གྲུབ་འབྲས་མངོན་གསལ་མིན་ཟེར།

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་པའོ་ནེ་ནོའུ་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་དབྱི་ལིང་དང་རྒྱལ་ཁབ་དྲུག་གིས་ཆེད་མཁས་རིམ་པའི་གྲོས་མོལ་བྱེད་བཞིན་ཡོད་ཀྱང་། ཕྱོགས་གཉིས་ཀྱི་གྲོས་བསྡུར་བྱེད་པའི་ནང་དོན་དེ་བྱེ་བྲག་གི་ནང་དོན་ལ་འབྲེལ་ཡོད་པའི་དབང་གིས་གྲོས་མོལ་གྱི་འཕེལ་རིམ་ཧ་ཅང་དལ་ཟེར།

ཀྲ་ལི་ཧྥུའུ་ཡིས་ཕྱོགས་གཉིས་ཀྱིས་གཟབ་ནན་དང་ཡང་དག མཛའ་མཐུན་བཅས་ཀྱི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རི་ནེ་ཝའི་དུས་རིམ་དང་པོའི་གྲོས་མཐུན་ལག་བསྟར་བྱས་ཏེ། གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་འཐུས་མི་ཨ་ལཱ་ཁི་ཆི་ཡིས་ཚེས21ཉིན་པའོ་ནེ་ནོའུ་ལ་ཐུག་འཕྲད་བྱེད་སྐབས། དབྱི་ལིང་དང་རྒྱལ་ཁབ་དྲུག་གི་འཐུས་མིས་རི་ནེ་ཝ་རུ་སྤེལ་བཞིན་པའི་ཆེད་མཁས་རིམ་པའི་གྲོས་མོལ་ལ་གྲུབ་འབྲས་མངོན་གསལ་ཐོབ་མེད་ཟེར།

པའོ་ནེ་ནོའུ་ཚེས21ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་ནས། དབྱི་ལིང་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག