མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་ལས་གྲོས་མཐུན་གསར་བའི་གྲོས་མོལ་བྱེད་མགོ་བརྩམས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གིས་ཚེས21ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཉིན་དེར་བྱང་ཆིངས་རྩ་འཛུགས་དང་མཉམ་དུ་མཉམ་ལས་གྲོས་མཐུན་གསར་བར་གྲོས་མོལ་བྱེད་མགོ་བརྩམས།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དང་བྱང་ཆིངས་རྩ་འཛུགས་ཀྱིས་བཅའ་སྡོད་དམག་དཔུང་གི་གོ་གནས་གྲོས་མཐུན་འགོད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། མིག་སྔར་གྲོས་མོལ་བྱ་བ་མགོ་བརྩམས་ཡོད་ཅིང་། གྲོས་མཐུན་དེས2014ལོའི་རྗེས་ཀྱི་བྱང་ཆིངས་རྩ་འཛུགས་ཀྱི་བཅའ་སྡོད་དམག་དཔུང་ཨ་ཧྥུའུ་ཧན་གྱི་ས་ཁོངས་བདེ་སྲུང་བྱ་བར་ཞུགས་པར་བཅའ་ཁྲིམས་ཀྱི་རྒྱབ་བརྟེན་འདོན་སྤྲོད་བྱེད་རྒྱུ་རེད།

གསལ་སྒྲོག་ལས་ད་རུང་བསྟན་དོན། ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁའི་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་མ་བཀོད་གོང་། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་བར་བཅའ་སྡོད་དམག་དཔུང་གི་གོ་གནས་གྲོས་མཐུན་འགོད་མི་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག