མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ཀི་ལུའུ་ཅི་ཡཱ་བར་གྱི་ཕྱི་འབྲེལ་སླར་གསོ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཁཱ་ལཱ་ཞིན་གྱིས་ཚེས21ཉིན་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཀི་ལུའུ་ཅི་ཡཱ་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཁཱ་ལཱ་ཞིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀི་ལུའུ་ཅི་ཡཱའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་ད་རུང་སླར་གསོ་བྱས་མེད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་སླར་གསོ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད། ཨུ་རུ་སི་དང་ཀི་ལུའུ་ཅི་ཡཱའི་འབྲེལ་བ་དེ་ལོ་གཅིག་གི་ནང་སྔར་ལས་གསལ་བོར་གྱུར་བ་དང་། ཀི་ལུའུ་ཅི་ཡཱའི་མགོ་ཁྲིད་པ་བརྗེ་སྤོར་བྱས་རྗེས། ཨུ་རུ་སི་དང་ཀི་ལུའུ་ཅི་ཡཱའི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་སྲིད་ཟེར།

ཁཱ་ལཱ་ཞིན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དཔོན་པོས་ད་ལོར་ཐེངས་མང་བོར་ཐུག་འཕྲད་བྱས་ཏེ། གྲོས་གཞི་མང་བོར་གྲོས་བསྡུར་བྱས་མྱོང་། ཡིན་ན་ཡང་ཨོ་སེ་ཐིས་ལྷོ་མ་དང་ཨ་པུའུ་ཧཱ་ཚི་ལ་འབྲེལ་བའི་གནད་དོན་འབྲེལ་བ་མེད་ལ། རྒྱལ་ཁབ་གཉིས་བར་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་ལ་རྩ་དོན་རང་བཞིན་གྱི་འགལ་བ་ཡོད། ཁོས་མཚམས་སྦྱོར་བྱས་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ལམ་ཡིག་ལམ་ལུགས་ཀྱི་གྲོས་མོལ་ལ་ཡར་སྐུལ་བྱས་ཏེ། ཚད་ཆེན་པོའི་སྒོ་ནས་མི་སྣའི་འགྲོ་འོང་རང་དབང་ཅན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག