མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁའི་དབུས་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི35ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:46

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཏའོ་ཨན་འཕྲིན་གཏོང་ཁང་གིས་ཚེས21ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེའི་དབུས་ཕྱོགས་ཀྱི་ཁའེ་སེ་ལེ་གྲོང་ཁྱེར་ཉེ་འདབས་ས་ཁུལ་དུ་ཉིན་དེའི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། མི26ལ་རྨས་ཕོག དེའི་ནང་མི3གྱི་རྨས་སྐྱོན་ཚབས་ཆེན་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁ་བ་བབས་པའི་དབང་གིས་སློབ་མ་གང་དྲུད་པའི་རླངས་འཁོར་ཞིག་སྐད་གྲགས་ཆེ་བའི་ཨེར་ཅི་ཡེ་སི་གངས་རིའི་གཞུང་ལམ་སྟེང་བགྲོད་སྐབས་ཁ་ལོ་བསྒྱུར་ཐབས་བྲལ་ནས་འགྲིམ་འགྲུལ་ཆག་སྒོ་ཚབས་ཆེན་བཟོས་པ་རེད་ཟེར།

འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས། རྒུད་སྐྱོབ་མི་སྣ་དོན་རྐྱེན་བྱུང་སར་འབྱོར་ནས་རྨས་ཕོག་པའི་སློབ་མ་རྣམས་ཁའེ་སེ་ལེ་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དུ་བཅུག མིག་སྔར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག