མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་རྒྱ་གར་གྱི་མཚོ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:46


ཡུག་མེན་རྟགས་ཅན་གྱི་འགོག་སྲུང་གྲུ་གཟིངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་དང་རྒྱ་གར་མཚོ་དམག་གིས་ཚེས21ཉིན་ནས་བཟུང་། རྒྱ་གར་ལྷོ་ཕྱོགས་ཀྱི་ཅིན་ནཱ་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས།

འཇར་པན་འགོག་སྲུང་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། མཚོ་ཐོག་རང་སྲུང་རུ་ཁག་གིས་ཆུའི་གཏོང་ཚད་ཏུན་སྟོང་བཞི་དང་ལྔ་བརྒྱ་ལྔ་བཅུ་ཡིན་པའི་ཡུག་མེན་རྟགས་ཅན་དང་ཆུའི་གཏོང་ཚད་ཏུན་སྟོང་གསུམ་དང་ལྔ་བརྒྱ་ལྔ་བཅུ་ཡིན་པའི་ལེ་ཧུའུ་བུའུ་རྟགས་ཅན་གྱི་འགོག་སྲུང་གྲུ་གཟིངས་གཉིས་དམག་དོན་སྦྱོང་བརྡར་ཐད་བཀོལ་བ་རེད། འགོག་སྲུང་གྲུ་གཟིངས་དེ་གཉིས་ནི་མཚོ་ཐོག་རང་སྲུང་རུ་ཁག་གི་འགོག་སྲུང་གྲུ་གཟིངས་རུ་ཁག་གསུམ་པར་གཏོགས་པ་དང་། མིག་སྔར་སོ་མཱ་ལིའི་མཚོ་ཁོངས་སུ་མཚོ་ཇག་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ནང་ཞུགས་བཞིན་ཡོད།

དུས་ཡུན་ཉིན་གཉིས་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྐབས། རྒྱ་གར་གྱི་མཚོ་དམག་གིས་མཐར་སྐྲོད་གྲུ་གཟིངས་ཤིག་དང་གླིང་ཕྲན་དུ་འབུད་པའི་གྲུ་གཟིངས་ཤིག རྒྱ་མཚོའི་གཡུལ་འཐབ་གྲུ་གཟིངས་ཤིག་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་སུ་བཅུག དེ་ནི་ན་ནིང་གི་ཚུན་ལ། འཇར་པན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་གཉིས་པ་རེད། ན་ནིང་གི་མཛའ་མཐུན་བརྗེ་རེས་རྣམ་པ་ཅན་གྱི་དམག་དོན་སྦྱོང་བརྡར་དང་མི་འདྲ་ས་ནི། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེས་དངོས་འཐབ་གཙོར་བཟུང་ཡོད་པ་དང་། གཙོ་བོ་ནི་ཆུ་འཛུལ་གྲུ་གཟིངས་དང་མཚོ་ངོས་ཀྱི་གྲུ་གཟིངས་ལ་དམིགས་ཏེ་མཉམ་འབྲེལ་དམག་འཐབ་སྦྱོང་བརྡར་བྱེད་བཞིན་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ད་ལོའི་ཟླ་ལྔ་བར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་རྒྱ་གར་གྱི་ཙུང་ལི་ཞིན་ཀི་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གཏན་འཁེལ་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག