མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་ཐེབས་ཏེ་མི15རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས21ཉིན་བཤད་རྒྱུར། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ནུབ་ཕྱོགས་ཀྱི་ཨན་པར་ཞིང་ཆེན་ནས་དམག་དོན་འགུལ་སྐྱོད་སྤེལ་སྐབས་འཇབ་རྒོལ་ཐེབས་ཏེ། མཐོ་རིམ་དམག་དཔོན་ཞིག་དང་བཅས་པའི་མི15རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི14ལ་རྨས་ཕོག

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་སྣས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་སྔ་དྲོར། དབྱི་རག་བདེ་འཇགས་དམག་དཔུང་གིས་པཱ་ཀ་ཏཱའི་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱ་དང་བདུན་ཅུ་ཙམ་ཡོད་པའི་ལུའུ་ཐི་པེད་གྲོང་རྡལ་ཉེ་འདབས་ཀྱི་བྱེ་ཁུལ་དུ་སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས། རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། དམག་དཔོན་ལྔ་དང་དམག་མི་བཅུ་རྐྱེན་ལམ་དུ་ཤོར། དེའི་ནང་དབྱི་རག་གི་སྐམ་དམག་ཁྲི་ཤོག་བདུན་པའི་ཁྲི་དཔོན་ཁཱ་ལཱ་ཝེ་ཡང་ཡོད།

དབྱི་རག་ནུབ་ཕྱོགས་ཀྱི་ཨན་པར་ཞིང་ཆེན་ནི་རྟེན་གཞིའི་རྩ་འཛུགས་སོགས་འཇིགས་སྐུལ་རྩ་འཛུགས་རྒྱུན་དུ་འགུལ་སྐྱོད་བྱེད་སའི་ས་ཁུལ་ཞིག་ཡིན་པ་དང་། སྲིད་གཞུང་དང་བདེ་འཇགས་དམག་དཔུང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག