མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ལཱ་ཡིས་སང་ལོའི་འདེམ་བསྐོའི་རྗེས་སུ་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་དབྱིན་ལཱ་ཡིས་ཚེས21ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། སང་ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་འདེམ་བསྐོ་མཇུག་སྒྲིལ་རྗེས། སྲིད་གཞུང་གསར་བས་མྱུར་དུ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་དགོས་ཟེར།

དབྱིན་ལཱ་ཡིས་འདེམ་བསྐོ་ལ་ཞུགས་པའི་སྲིད་ཏང་ཚང་མས་སྲིད་གཞུང་དང་རྒྱལ་ཚོགས་གསར་བ་བདམས་ཐོན་བྱུང་རྗེས་མྱུར་དུ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་འཛུགས་པར་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་། བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་ཏང་ཁག་སོ་སོ་དང་སྲིད་གཞུང་གི་པུའུ་ཨུ། རིགས་གཞུང་ལས་ཁུངས། ཆབ་སྲིད་ཚོགས་ཁག་གཙོ་བོ་སོགས་འདུས་ཡོད་པ་དང་། བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དེས་ལོ་ངོ་གཉིས་ཀྱི་རིང་དུས་ཡུན་རིང་བོའི་རྒྱལ་ཁབ་ཀྱི་བཅོས་བསྒྱུར་ནང་རྐྱེན་འཛུགས་དགོས་པ་རེད།

ཐེ་གོའི་ཆེད་དུ་ཞེས་པའི་ཏང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གལ་ཏེ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ན་མྱུར་དུ་རྒྱལ་ཁབ་བཅོས་བསྒྱུར་གྱི་ལས་དོན་ལ་རྩ་འཛུགས་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་བཅོས་བསྒྱུར་དེ་ལོ་གཅིག་ཡས་མས་ཀྱི་དུས་ཚོད་ནང་ཡོངས་འགྲུབ་བྱས་རྗེས་གང་མགྱོགས་སྒོས་དབང་ཆ་མི་དམངས་ལ་སྤྲོད་རྒྱུ་ཁས་ལེན་བྱས།

འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་ཁྱབ་སྒྲོག་བྱས་པའི་འདེམ་བསྐོའི་ཉིན་རིམ་བཀོད་སྒྲིག་ལྟར་ན། འདེམ་སྒུག་མི་སྣའི་ཐོ་འགོད་བྱ་བ་ཟླ་འདིའི་ཚེས་ཉེར་གསུམ་ཉིན་ནས་མགོ་རྩོམ་རྒྱུ་རེད། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་ཀྱི་མགོ་ཁྲིད་པ་སུའུ་ཐིས་ཀྱིས་མང་ཚོགས་ཚང་མས་ཚེས་ཉེར་གཉིས་ཉིན་སྐོར་ཐེངས་གསར་བའི་འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་གྱི་མཐོ་རླབས་ཤིག་བསླངས་ཏེ། མུ་མཐུད་དུ་དབྱིན་ལཱ་ལ་གནོན་ཤུགས་བྱིན་ནས། གནས་སྐབས་སྲིད་གཞུང་གིས་དབང་ཆ་སྤྲོད་པ་དང་འདེམ་བསྐོའི་བྱ་འགུལ་རྗེས་སུ་སྣུར་བའི་རེ་བ་འདོན་དགོས་པའི་འབོད་སྐུལ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག