མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སུའུ་ཏན་ལྷོ་མའི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ནས་མི600ཙམ་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:05


ཟླ12པའི་ཚེས16ཉིན། སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣས་ཡུལ་གྱར་བར་དངོས་རྫས་སྟེར་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས16ཉིན་སུའུ་ཏན་ལྷོ་མ་ནས་རྒྱལ་ཁ་མ་ཐོབ་པའི་སྲིད་འགྱུར་ཉམས་ཉེན་བྱུང་བའི་ཚུན་ལ། སུའུ་ཏན་ལྷོ་མའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་དམག་དཔུང་བར་གྱི་དམག་དོན་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་གྱུར་ཞིང་། རྒྱལ་ས་ཀྲུའུ་པཱ་ནས་རྒྱལ་ཡོངས་ཀྱི་ཀྲིག་དྲུག་ཏུ་རྒྱ་ཡན་དུ་སོང་སྟེ། མི500ནས600ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་ཕྲག་ལྷག་ལ་རྨས་ཕོག ཡུལ་གྱར་བ་ཁྲི་ཕྲག་མང་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་སྒར་སར་བྲོས་བྱོལ་བྱས། སྔར་ལས་ཛ་དྲག་ཏུ་གྱུར་བའི་གནས་བབ་དེ་ནང་འཁྲུག་ཏུ་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད།    ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག