མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་མཱ་ཏཱ་ཀ་སི་ཁཱ་ཡིས་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕང་བར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས20ཉིན་ཁོའི་མགྲིནཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཱ་ཏཱ་ཀ་སི་ཁཱ་རྒྱལ་ཁབ་ཀྱིས་ཉིན་དེར་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕང་བར་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་མཱ་ཏཱ་ཀ་སི་ཁཱའི་མང་ཚོགས་དང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་། སྲིད་གཞུང་བཅས་ཀྱིས་ཉིན་དེའི་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་ཐད་འབད་འབུངས་བྱས་པར་གཟེངས་བསྟོད་བྱས་པ་དང་། ཁོས་མཱ་ཏཱ་ཀ་སི་ཁཱའི་མང་ཚོགས་དང་བར་བརྒལ་དབང་འཛིན་ལས་ཁུངས། ཆབ་སྲིད་ཕྱོགས་ཁག་སོ་སོས་འདེམ་ཤོག་རྩིས་ལེན་དང་མཇུག་འབྲས་ཁྱབ་སྒྲོག་བྱེད་སྐབས་མུ་མཐུད་དུ་ཞི་བའི་སྣང་ཚུལ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་མཱ་ཏཱ་ཀ་སི་ཁཱའི་བར་བརྒལ་འཕེལ་རིམ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་ངེས་པར་དུ་མཱ་ཏཱ་ཀ་སི་ཁཱའི་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་དགོས་པ་ནན་བཤད་བྱས།

མཱ་ཏཱ་ཀ་སི་ཁཱ་རྒྱལ་ཁབ་ཀྱིས་ཚེས་ཉི་ཤུ་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕང་སྟེ། སྐོར་ཐེངས་དང་པོའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་འདེམ་སྒུག་མི་སྣ་ལུའུ་པེན་ཞོང་དང་ལཱ་ཆའོ་ནཱ་ལི་མཱ་མན་ཕིས་ཡཱ་ནེ་ནཱ་གཉིས་ཀྱི་ནང་ནས་མཱ་ཏཱ་ཀ་སི་ཁཱའི་སྐབས་གསར་བའི་ཙུང་ཐུང་བདམས་པ་རེད། ཐེངས་འདིའི་འདེམ་བསྐོ་ནི་མཱ་ཏཱ་ཀ་སི་ཁཱའི་ལོ་ལྔ་ཙམ་འགོར་བའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་གནད་འགག་གི་གོ་རིམ་ཞིག་ཡིན་པར་བསམ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག