མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མི་སྣས་སྐོར་ཐེངས་གསར་བའི་འདུ་ཚོགས་སྤེལ་ཏེ་ཙུང་ལི་དབྱིན་ལཱ་ལ་གནོན་ཤུགས་བྱིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས20ཉིན། ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མི་སྣས་རྒྱལ་ས་མན་ཀུའུ་ཡི་ཚོང་ལས་ལྟེ་གནས་ནས་ངོ་རྒོལ་ཁྲོམ་སྐོར་བྱ་འགུལ་སྤེལ། ཉིན་དེར་ཐེ་གོའི་མི་དམངས་དམངས་གཙོ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མི་སྣས་སྐོར་ཐེངས་གསུམ་པའི་འདུ་ཚོགས་བསྡུས་ཏེ། ལྟ་སྐྱོང་ཙུང་ལི་དབྱིན་ལཱ་ཡིས་རང་འགུལ་གྱིས་ལས་འགན་བསྐྱུར་བ་དང་འདེམ་བསྐོའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་རེ་བ་བཏོན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མི་སྣ་ཁྲི་ཕྲག་འགས་ཉིན་དེའི་སྔ་དྲོར་རྒྱལ་ས་མན་ཀུའུ་ཡི་ཚོང་ལས་ལྟེ་གནས་ནས་ཁྲོམ་སྐོར་བྱ་འགུལ་སྤེལ།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག