མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་པའོ་ཁཱ་སི་ཡིས་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་བ་ནི་གདམ་གསེས་མཆོག་གྱུར་ཅིག་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:05

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་བརྙན་འཕྲིན་དྲ་བ།ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས20ཉིན་བསྟན་དོན། རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་བལྟས་ན་པའོ་ཁཱ་སི་ཡིས་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་བ་ནི་གདམ་གསེས་མཆོག་གྱུར་ཅིག་ཡིན་པར་འདོད་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིན་དེར་གྲོས་ཞུགས་ཁང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པའོ་ཁཱ་སི་ཡིས་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་བར་དངོས་སུ་མིང་འདོན་བྱས། པའོ་ཁཱ་སི་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ནས་དོན་དེར་དགའ་བསུ་བྱེད་པའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་འཛམ་གླིང་སྟེང་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་ཞིང་། གལ་ཏེ་མིང་འདོན་དེར་ཁས་ལེན་ཐོབ་ན་ཁོའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཨ་མེ་རི་ཁ་དང་ཀྲུང་གོའི་ཕྱི་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་དེ་ཡིན་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཉིན་དེར་པའོ་ཁཱ་སི་ཡིས་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འབད་བརྩོན་བྱས་པར་ཁས་ལེན་བྱས་པ་དང་། ཁོས་རོགས་འདེགས་བྱས་ཏེ་བཀོད་པའི་དཔལ་འབྱོར་གྲོས་མཐུན་གྱིས་ཨ་མེ་རི་ཁར་ལས་ཞུགས་ལས་གནས་ས་ཡ་འགའ་བསྐྲུན་ཡོད་ལ། མེ་སྒོར་ཐེར་འབུམ་འགའི་དཔལ་འབྱོར་ཡོང་འབབ་བསྐྲུན་ཡོད་ཟེར།

ཕུའུ་སཱ་ཅི་ཡིས་བཤད་རྒྱུར། ཁི་ལེ་དང་པའོ་ཁཱ་སི་གཉིས་ཀྱིས་ལོ་ངོ་བཅུ་ལྷག་ལ་མཉམ་དུ་བྱ་བ་བསྒྲུབས་མྱོང་བ་དང་། ཁི་ལེ་ཡིས་བལྟས་ན་པའོ་ཁཱ་སི་ཡིས་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་བ་ནི་གདམ་གསེས་མཆོག་གྱུར་ཅིག་ཡིན་པར་བསམ་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག