མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱི་མཐོ་རིམ་དཔོན་པོས་ཨ་མེ་རི་ཁས་ངེས་པར་དུ་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ཨ་མེ་རི་ཁར་ཡོད་པའི་རྒྱ་གར་གྱི་བུད་མེད་ཕྱི་འབྲེལ་དཔོན་པོར་ལུས་ཡོངས་སྔོག་བཤེར་བྱས་ཏེ་བརྙས་བཅོས་ཐེབས་པའི་དོན་དེ་སྔར་བཞིན་ཐག་གཅོད་ཐུབ་མེད། ཚེས20ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ཨར་ཞི་ཏི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་འབྲེལ་འདྲིས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དོན་རྐྱེན་དེ་ཐག་གཅོད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། རྒྱ་གར་རྒྱལ་ཚོགས་ཀྱི་ལས་དོན་པུའུ་ཀྲང་ནཱ་ཐི་ཡིས་ཨ་མེ་རི་ཁའི་ཕྱོགས་ཀྱིས་ངེས་པར་དུ་དངོས་སུ་དགོངས་དག་ཞུ་དགོས་པ་བསྐྱར་སྒྲོག་བྱས་པར་མ་ཟད། ཨ་མེ་རི་ཁས་འཛམ་གླིང་འགྱུར་འདུག་པར་རྒྱུས་ལོན་བྱེད་དགོས་ཟེར།

ཁུའུ་ཨར་ཞི་ཏི་ཡིས་ཚེས20ཉིན་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཀྲ་ཝུའུ་ཡཱ་དང་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་འབྲེལ་འདྲིས་བྱེད་རྒྱུ་ཡིན་པ་དང་། ང་ཚོས་དོན་སྙིང་ལྡན་པའི་གྲོས་མོལ་བྱས་ན་གནས་ལུགས་དང་མཐུན་པའི་མཇུག་འབྲས་ཤིག་འབྱུང་སྲིད་པར་ཡིད་ཆེས་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་དོན་རྐྱེན་དེར་ཡིད་ཕངས་བའི་ཚུལ་བསྟན་རྗེས། ཚེས19ཉིན་ཨ་མེ་རི་ཁས་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་པའི་རྒྱ་གར་རྒྱལ་ཚོགས་ཀྱི་ལས་དོན་པུའུ་ཀྲང་ནཱ་ཐི་ཡིས་ཚེས་ཉི་ཤུ་ཉིན་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁས་ངེས་པར་དུ་དངོས་སུ་དགོངས་དག་ཞུ་དགོས། གནས་ཚུལ་ག་འདྲའི་འོག་ཏུའང་ང་ཚོས་བརྙས་བཅོས་དེ་འདྲ་དང་ལེན་བྱེད་མི་སྲིད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག