མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕོ་ལན་དུ་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-20 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ཐུང་ཁི་མའོ་ལོ་ཧྥུའུ་སི་ཅི་དང་ཕྱི་འབྲེལ་བློན་ཆེན་ཞི་ཁི་ཨར་སི་ཅི་གཉིས་ཀྱིས་ཚེས19ཉིན་སོ་སོར་འཚམས་འདྲིར་ཡོང་བའི་འཇར་མན་གྱི་གསར་དུ་འགན་ཁུར་བའི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་བུའུ་ཁི་ལན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་མའོ་ལོ་ཧྥུའུ་སི་ཅི་དང་ཧྲི་ཐེ་ཡུན་མེད་ཨར་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གཅིག་གྱུར་གྱིས་བལྟས་ན། ཕོ་ལན་དང་འཇར་མན་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པར་འདོད།

ཞི་ཁི་ཨར་སི་ཅི་དང་ཧྲི་ཐེ་ཡུན་མེད་ཨར་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། བུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པ་ནི་བུའུ་ཁི་ལན་ལ་འདུན་པ་དེ་འདྲ་ཡོད་མེད་ལ་རག་ལས་ཡོད་ཟེར། ཞི་ཁི་ཨར་ཅི་སི་ཡིས་ཧྲི་ཐེ་ཡུན་མེད་ཨར་གྱིས་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་རྗེས་ཐོག་མར་འཚམས་འདྲི་བྱེད་སའི་རྒྱལ་ཁབ་ཕོ་ལན་བདམས་པར་བཀའ་དྲིན་ཞུས།

ཧྲི་ཐེ་ཡུན་མེད་ཨར་གྱིས་བསྟན་དོན། འཇར་མན་དང་ཕོ་ལན་གྱིས་ཨུ་རུ་སིའི་བུའུ་ཁི་ལན་གྱི་སྲིད་ཇུས་དང་བུའུ་ཁི་ལན་རྒྱལ་ནང་གི་གནས་བབ་འགྱུར་ལྡོག་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། འཇར་མན་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱིས་བུའུ་ཁི་ལན་གྱིས་གནས་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་མཚམས་འཇོག་རྒྱུ་ཐག་བཅད་པར་འཕང་སེམས་ཆེན་པོ་སྐྱེས་ཡོད་ཟེར།

ཧྲི་ཐེ་ཡུན་མེད་ཨར་གྱི་ཐེངས་འདིའི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་ནི་ཕོ་ལན་ཡིན་པ་དང་། ཕོ་ལན་ལ་འཚམས་འདྲི་བྱས་རྗེས་པུའུ་ལུའུ་སེར་དུ་འཚམས་འདྲི་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག