མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཐུས་ཚབ་ཚོགས་པས་ཁའེ་ཁྲིན་བཟོ་ལས་ར་བར་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-20 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་དང་ཀྲུང་དབྱང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་སོགས་མི་ཉེས་ལྔས་གྲུབ་པའི་འཐུས་ཚབ་ཚོགས་པས་ཚེས19ཉིན་ཁའེ་ཁྲིན་བཟོ་ལས་ར་བར་འཚམས་འདྲི་བྱས་པ་དང་། ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ་ཧན་གོར་སོང་བ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། འཐུས་ཚབ་ཚོགས་པའི་མི་ཚང་མའི་སེམས་ཁམས་སྤྲོ་སྐྱིད་ལྡན་ལ། ཐེངས་འདིའི་འགྲུལ་བཞུད་ལ་བག་ཆགས་ཟབ་མོ་ཡོད་པའི་ཚུལ་བསྟན།

བསྒྲགས་པའི་གནས་ཚུལ་ལྟར་ན། འཐུས་ཚབ་ཚོགས་པ་དེ་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་དམག་དོན་རྒྱལ་མཚམས་བརྒལ་ནས་ཁའེ་ཁྲིན་བཟོ་ལས་ར་བར་སོང་། དེ་ནི་ཧན་གོ་དང་ཁྲའོ་ཞན་གྱིས་ཁའེ་ཁྲིན་བཟོ་ལས་ར་བའི་རྒྱལ་སྤྱིའི་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་པའི་གྲོས་མཐུན་བཀོད་རྗེས། ཕྱི་རྒྱལ་གྱི་མི་སྣས་ཐོག་དང་པོར་ཁའེ་ཁྲིན་བཟོ་ལས་ར་བར་འཚམས་འདྲི་བྱས་པ་རེད་ཟེར།

འཐུས་ཚབ་ཚོགས་པས་ཁའེ་ཁྲིན་བཟོ་ལས་ར་བའི་དོ་དམ་ཨུ་ཡོན་ལྷན་ཁང་དུ་འཚམས་འདྲི་བྱས་པ་དང་། ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མཚམས་སྦྱོར་ལ་ཉན། དེའི་རྗེས་སུ་ས་དེའི་རྨང་གཞིའི་སྒྲིག་ཆས་དང་དེར་སྡོད་ཁེ་ལས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་ཁའེ་ཁྲིན་བཟོ་ལས་ར་བའི་ཧན་གོ་དང་ཁྲའོ་ཞན་གྱི་ཐུན་མོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་སྟེང་། ཧན་གོ་དང་ཁྲའོ་ཞན་གྱིས་སང་ལོའི་ཟླ་དང་པོར་ཁའེ་ཁྲིན་བཟོ་ལས་ར་བའི་དངུལ་གཏོང་གསལ་བཤད་ཚོགས་འདུ་མཉམ་དུ་སྤེལ་ནས། ཁའེ་ཁྲིན་བཟོ་ལས་ར་བའི་རྒྱལ་སྤྱིའི་ཅན་ལ་ཡར་སྐུལ་བྱེད་དགོས་པའི་གྲོས་གཞི་བཏོན། ཧན་གོའི་གཅིག་གྱུར་པུའུ་ཡི་དཔོན་པོས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་གནས་སྐབས་སུ་མུ་མཐུད་དུ་གྲོས་མོལ་བྱེད་པ་ཙམ་ལས་ཧན་གོས་བཏོན་པའི་གྲོས་གཞི་དེར་ལན་གསལ་བོ་བྱིན་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག