ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་འགོག་སྲུང་ལས་ཁུངས་ཀྱི་ལྟ་རྟོག་པུའུ་ཡིས་ཚེས19ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་དམག་དཔུང་གི་ཐུའུ-142རྟགས་ཅན་གྱི་སྐོར་གཡེང་གནམ་གྲུ་གཉིས་ཀྱིས་ཉིན་དེར་འཇར་པན་དང་བར་ཐག་རིང་བའི་གླིང་ཕྲན་བསྐོར་ནས་འཕུར་བས། འཇར་པན་མཁའ་འགྲུལ་རང་སྲུང་རུ་ཁག་གི་འཐབ་འཛིང་གནམ་གྲུ་མྱུར་དུ་འཕུར་ནས་རྒོལ་ལན་སྤྲོད་རྩིས་བྱས་ཀྱང་། ཨུ་རུ་སིའི་དམག་དཔུང་གི་གནམ་གྲུ་དེ་འཇར་པན་གྱི་མངའ་ཁོངས་སུ་སླེབས་མེད་ཟེར།
འཇར་པན་འགོག་སྲུང་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཨུ་རུ་སིའི་སྐོར་གཡེང་གནམ་གྲུ་དེ་གཉིས་པེ་ཧེ་གླིང་ཕྲན་ནུབ་ངོས་ནས་འཇར་པན་མཚོ་ཡི་ལྷོ་ཕྱོགས་སུ་འཕུར་བ་དང་། མཱ་ཧེ་མཚོ་འགག་བརྒྱུད་དེ་ཁྲོན་ཧྲིན་གླིང་ཕྲན་དང་ཀུང་ཀུའུ་གླིང་ཕྲན་བར་མཚམས་བརྒྱུད་དེ་ཞི་བདེ་རྒྱ་མཚོ་བརྒྱུད་པ་དང་། དབྱི་ཏིག་གླིང་ཚོམས་ལྷོ་ཕྱོགས་བྱང་ངོས་ནས་སཱ་ཧཱ་ལིན་ཕྱོགས་སུ་འཕུར་བ་རེད་ཟེར། །