ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས18ཉིན་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་འཇར་པན་ཝེ་ཞིན་ཚོགས་པའི་ཐུན་མོང་འཐུས་མི་ཧྲི་ཡོན་ཧྲིན་ཐེ་ལིང་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པར་ཐུན་མོང་གི་ལྟ་ཚུལ་བྱུང་།
ཐེངས་འདིའི་གྲོས་མོལ་ནི་ཨན་པའེ་ཅིན་སན་གྱིས་སྤེལ་བ་ཡིན་ཞིང་། འཇར་པན་ཝེ་ཞིན་ཚོགས་པའི་རྒྱལ་ཚོགས་ཀྱི་གྲོས་མིའི་འཐུས་ཚབ་ཚོགས་པའི་འཐུས་མི་ཕེན་ཧྲའོ་ཅིག་ཧྥུའུ་ཡང་གྲོས་མོལ་ལ་ཞུགས། ཧྲི་ཡོན་ཧྲིན་ཐེ་ལིང་གིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཝེ་ཞིན་ཚོགས་པས་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་བཟུང་ནས། འབད་བརྩོན་ཆེན་པོས་ཨན་པའེ་ཅིན་སན་གྱི་ནེ་ཀི་ལ་རོགས་འདེགས་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་རྩ་ཁྲིམས་བཟོ་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཏང་ཡིན་པས་ང་ཚོས་མཉམ་དུ་འབད་བརྩོན་བྱས་ཆོག་ཟེར།
ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། ང་ཚོས་ངེས་པར་དུ་ཐེངས་འདིའི་གོ་སྐབས་བཟང་བོ་དམ་འཛིན་བྱེད་དགོས་པའི་ཚུལ་བསྟན་པར་མ་ཟད། རྩ་ཁྲིམས་བཟོ་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཏང་སོ་སོས་ལག་རྡང་སྦྲེལ་ཏེ་དམིགས་འབེན་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཀྲུང་གོས་མཁའ་སྲུང་དབྱེ་འབྱེད་ས་ཁུལ་བཙུགས་པའི་གནད་དོན་གླེང་སྐབས། ཨན་པའེ་ཅིན་སན་གྱིས་ཧུར་ཐག་སྒོས་འཇར་པན་གྱི་བདེ་འཇགས་དང་ཞི་བདེ་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན། །