ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་དབུས་ཤར་གནད་དོན་གྱི་དམིགས་བསལ་འཐུས་མི། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་ཚེས16ཉིན་མའོ་སི་ཁི་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིར་ཐུག་འཕྲད་བྱས།
ཐེངས་འདིའི་གྲོས་མོལ་ནི་ཚེས16ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ཐོག་ཁང་ཆེན་མོ་ནས་སྤེལ་བ་དང་། བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་གྲོས་མོལ་ནས་གཙོ་བོ་སི་རི་ཡཱའི་གནས་བབ་ཀྱི་འཕེལ་རྒྱས་དང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོར་སྤེལ་རྒྱུ་ཡིན་པའི་རི་ནེ་ཝའི་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བར་གྲོས་བསྡུར་བྱས།
རི་ནེ་ཝའི་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་གཉིས་པ་ནི་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་མཉམ་དུ་སྤེལ་བ་ཡིན་ཞིང་། དམིགས་ཡུལ་ནི་ཞི་བའི་སྒོ་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་པ་དང་། མིག་སྔར་གྲོས་ཚོགས་ལ་ཞུགས་མཁན་གྱི་མིང་ཐོ་ད་རུང་གཏན་འཁེལ་བྱས་མེད།
2001ལོའི་སྤྱི་ཟླ3པའི་ཚུན་ལ། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་དྲག་ཆས་འཁྲུག་རྩོད་རྒྱུན་ཆད་མེད་པར་བྱུང་བ་དང་། དུས་སྐབས་འདིའི་ནང་མང་ཚོགས་འབུམ་གཅིག་ཙམ་གྱི་ཚེ་སྲོག་ཤོར། །