ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཉིན་རེའི་གསར་འགྱུར་དྲ་ཚིགས་ཀྱིས་ཚེས17ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེའི་དམག་དཔུང་གི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་རྒྱལ་ས་ཨན་ཁཱ་ལཱ་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཞི་བོ་རྐྱེན་ལམ་དུ་ཤོར།
བསྒྲགས་པའི་གནས་ཚུལ་ལྟར་ན། གྱེན་འཕུར་གནམ་གྲུ་དེས་ཨན་ཁཱ་ལཱའི་ཀིར་པཱ་སི་ས་ཁུལ་ནས་འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་གློག་སྐུད་ལ་ཐོགས་ནས་སར་ལྷུང་བ་རེད།
མིག་སྔར། མེ་གསོད་དང་རྒུད་སྐྱོབ་རླངས་འཁོར་དག་དོན་རྐྱེན་འབྱུང་སར་འབྱོར་ནས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད། །