མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དྲ་རྒྱའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས17ཉིན་གྲོས་ཆོད་བཀོད་དེ། འཇིགས་སྐུལ་རྩ་འཛུགས་དང་འཇིགས་སྐུལ་ཉེས་ཅན་གྱིས་མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་ངན་སྐུལ་དང་། རོགས་སྐྱོར་བྱེད་པ། འཆར་འགོད་བྱེད་པ་སོགས་འཇིགས་སྐུལ་བྱ་སྤྱོད་སྤེལ་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱིས་རྒྱལ་ཁབ་སོ་སོ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དག་དང་མཉམ་དུ་གོང་གི་བྱ་སྤྱོད་དེར་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་རེ་བ་གསལ་བོ་བཏོན་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་འདེམ་ཤོག་བཅོ་ལྔ་འཐད་པ་བྱུང་བའི་མཇུག་འབྲས་ཀྱིས་གྲོས་ཆོད་གཉིས་གཅིག་གཉིས་དགུ་ལ་གྲོས་མཐུན་བཀོད་པ་དང་། གྲོས་ཆོད་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དེ་བྱ་བའི་གཙོ་གནད་ཡིན་པ་ནན་བཤད་བྱས། གྲོས་ཆོད་ལས་ད་རུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཇིགས་སྐུལ་ངོ་རྒོལ་ལག་བསྟར་ཅུའུ་ཡི་འགན་ཡུན2017ལོའི་སྤྱི་ཟླ12པའི་ཚེས31ཉིན་བར་ལོ་ངོ་བཞི་ཡིས་ཇེ་རིང་དུ་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག