ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་སེ་པའོ་ཐི་ཡིས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། མའོ་ཁི་ཨར་གྱིས་ཚེས18ཉིན་ཕཱ་རེ་སི་རུ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་གྲོས་མོལ་བྱེད་རྒྱུ་རེད། དེ་ནི་ཁོ་མོས་བསྟུད་མར་ཙུང་ལིའི་འགན་ཁུར་རྗེས་ཀྱི་འཚམས་འདྲི་ཐོག་མ་རེད། རྒྱུས་ལོན་བྱུང་བ་ལྟར་ན། མའོ་ཁི་ཨར་དང་མཉམ་དུ་འཚམས་འདྲིར་འགྲོ་མཁན་ནི་སྤྱི་ཚོགས་དམངས་གཙོའི་ཏང་གི་གསར་དུ་འགན་ཁུར་བའི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་ཡིན།
ཚེས16ཉིན་འཇར་མན་མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོའི་ཏང་གིས་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་གྲོས་མཐུན་དངོས་སུ་བཀོད། གསར་དུ་འགན་ཁུར་བའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ནེ་ཀིས་ཚེས17ཉིན་གྱི་ཕྱི་དྲོར་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་ཡིན་ལ། ཙུང་ལི་མའོ་ཁི་ཨར་གྱིས་ཁོ་མོའི་ཐེངས་གསུམ་པའི་ཙུང་ཐུང་གི་འགན་ཡུན་དངོས་སུ་མགོ་རྩོམ་རྒྱུ་རེད། །