ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཚེས17ཉིན་མའོ་ཁི་ཨར་འཇར་མན་གྱི་ཙུང་ལི་རུ་བདམས། མའོ་ཁི་ཨར་གྱིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་དམ་བཅའ་བཞག་སྟེ་ལས་འགན་དངོས་སུ་ཁུར་ཏེ། ཁོ་མོའི་ཐེངས་གསུམ་པའི་འགན་ཡུན་མགོ་བརྩམས།
ད་ལོའི་སྤྱི་ཟླ9བར། ད་ལྟའི་ཙུང་ལི་མའོ་ཁི་ཨར་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་སྟེ་ཐེངས་གསུམ་པར་འཇར་མན་གྱི་ཙུང་ལི་རུ་བདམས། མའོ་ཁི་ཨར་གྱིས་ཐེངས་གསུམ་པར་ཡོ་རོབ་གླིང་གི་ཆེས་ཆེ་བའི་དཔལ་འབྱོར་ཚོགས་ཁག་དེའི་ཙུང་ལིའི་འགན་ཁུར་ཏེ། ཡོ་རོབ་གླིང་གི་སྲིད་འཛིན་དུས་ཡུན་ཆེས་རིང་བའི་བུད་མེད་མགོ་ཁྲིད་པར་འགྱུར་སྲིད།
བདེ་བླག་ངང་འདེམ་བསྐོའི་རྒྱལ་ཁ་ཐོབ་རྗེས་ཀྱི་ཟླ་ངོ་གསུམ་གྱི་རྗེས་སུ། འཇར་མན་གྱི་སྤྱི་ཚོགས་དམངས་གཙོའི་ཏང་གིས་སྤྱི་ཟླ12པའི་ཚེས15ཉིན་མའོ་ཁི་ཨར་གྱིས་མགོ་ཁྲིད་པའི་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་ཏང་དང་། པཱ་ཀི་ལེ་ཡཱ་མིང་སྲིང་ཏང་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་ཏང་གཉིས་དང་མཉམ་དུ་མཉམ་འབྲེལ་སྲིད་གཞུང་འཛུགས་པར་འཐད་པ་བྱུང་། །