ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས16ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་ཤར་ཕྱོགས་ཀྱི་ཅཱ་ཚི་ནེ་ཞིང་ཆེན་ནས་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་བཅུ་བསད་ཟེར།
མགྲིན་ཚབ་པ་དེས་བཤད་རྒྱུར། བདེ་འཇགས་དམག་དཔུང་ལ་ཚེས15ཉིན་གྱི་དགོང་མོར་གསང་འཕྲིན་འབྱོར་རྗེས། ཅཱ་ཚི་ནེ་ཞིང་ཆེན་གྱི་ཁོངས་གཏོགས་ས་ཁུལ་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་ལ་དཔུང་འཇུག་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། གཞན་ཡང་མི་བཅུ་གཉིས་རྨས་ཟེར།
གཞན་ཡང་ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་ནས་ཚེས15ཉིན་གྱི་དགོང་མོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཨ་ཅཱ་མུའུ་ས་ཁུལ་གྱི་ཉེན་རྟོག་ཅུའུ་ཀྲང་དང་ཉེན་རྟོག་པ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཉེན་རྟོག་པ་གཉིས་ལ་རྨས་ཕོག་ཟེར། །