མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཐུས་ཚབ་ཚོགས་པས་ཁེ་ཁྲིན་དུ་འཚམས་འདྲི་བྱེད་པར་འཐད་པ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-17 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་ཅིན་དབྱེ་ཏའོ་ཡིས་ཚེས16ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཧན་གོའི་གྲོས་གཞི་དང་ལེན་བྱས་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་པུའུ་ཀྲང་རིམ་པ་གཞོན་པའི་མི་སྣ་དང་རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མིས་ཁེ་ཁྲིན་དུ་འཚམས་འདྲི་བྱེད་པར་འཐད་པ་བྱུང་བར་དམིགས་ཏེ། ཁེ་ཁྲིན་བཟོ་ལས་ར་བའི་ཚོང་འགུག་ཚོགས་འདུ་སླར་གསོ་བྱེད་པར་རེ་བ་ཡོད་ཟེར།

ཅིན་དབྱེ་ཏའོ་ཡིས་བསྟན་དོན། ཚེས19ཉིན་བསྡུ་རྒྱུར་ཐག་བཅད་ཡོད་པའི་ཁེ་ཁྲིན་བཟོ་ལས་ར་བའི་ཧན་གོ་དང་ཁྲའོ་ཞན་ཐུན་མོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་སྟེང་། ཧན་གོ་དང་ཁྲའོ་ཞན་གྱིས་བཟོ་ལས་ར་བའི་རྒྱལ་སྤྱིའི་ཅན་མངོན་འགྱུར་བྱེད་པར་དམིགས་པའི་དངུལ་གཏོང་གསལ་བཤད་ཚོགས་འདུ་སྤེལ་བའི་འབྲེལ་ཡོད་གནས་ཚུལ་གྲོས་བསྡུར་བྱེད་སྲིད། གལ་ཏེ་འཕྲིན་གཏོང་སོགས་ཀྱི་གནད་དོན་ལ་གྲོས་མོལ་གང་ལེགས་བྱས་ན། དངུལ་གཏོང་གསལ་བཤད་ཚོགས་འདུའི་བྱེ་བྲག་གི་ཉིན་རིམ་ལའང་གྲོས་བསྡུར་བྱེད་སྲིད་ཟེར། ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་གྱི་བསམ་འཆར་ལ་ཉན་རྗེས་ཡང་བསྐྱར་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཧན་གོ་དང་ཁྲའོ་ཞན་གྱིས་སྔོན་ཆད་ད་ལོའི་སྤྱི་ཟླ10བའི་ཚེས31ཉིན་ཁེ་ཁྲིན་བཟོ་ལས་ར་བའི་དངུལ་གཏོང་གསལ་བཤད་ཚོགས་འདུ་སྤེལ་རྒྱུ་ཐག་བཅད་ཡོད་ཀྱང་། རྗེས་སུ་ཁྲའོ་ཞན་གྱིས་ཧན་གོ་དང་ཁྲའོ་ཞན་གྱི་ཁ་བྲལ་དུ་གྱུར་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་བྱ་འགུལ་རྗེས་སུ་སྣུར་བའི་དབང་གིས། ཧན་གོའི་ཕྱོགས་ཀྱིས་འཕྲིན་གཏོང་སོགས་གནད་དོན་ཐད་ཀྱི་གྲོས་མོལ་རྗེས་སུ་སྣུར་བ་རྒྱུ་མཚོན་དུ་བྱས་ཏེ། དངུལ་གཏོང་གསལ་བཤད་ཚོགས་འདུ་རྗེས་སུ་སྣུར་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག