མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་དམག་དཔུང་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-16 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་དམག་ཕྱོགས་ཀྱིས་ཚེས15ཉིན་ཁྱབ་སྒྲོག་བྱས་དོན། ལེ་པཱ་ནུན་དམག་དཔུང་ལ་ཉིན་དེའི་དགོང་མོར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གསུམ་ལ་རྨས་ཕོག གཞན་ཡང་དྲག་ཆས་ཉེས་ཅན་བཞི་བསད་ཟེར།

ལེ་པཱ་ནུན་དམག་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཉིན་དེའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅོ་ལྔའི་སྟེང་། དྲག་ཆས་ཉེས་ཅན་ཞིག་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སེ་ཏཱ་ཡི་དམག་དཔུང་གི་ཞིབ་བཤེར་ས་ཚིགས་ཤིག་ནས་བཙན་ཤེད་ཀྱིས་བགྲོད་རྩིས་བྱས་པར་མ་ཟད། ཞིབ་བཤེར་ས་ཚིགས་ལ་ལག་འབོམ་འཕང་སྟེ། དམག་མི་གཉིས་ལ་རྨས་ཕོག ལེ་པཱ་ནུན་དམག་ཕྱོགས་ཀྱིས་དེ་མ་ཐག་ཕྱིར་རྒོལ་ལན་སྤྲད་དེ་དྲག་ཆས་ཉེས་ཅན་དེ་བསད་ཟེར།

འཇབ་རྒོལ་དོན་རྐྱེན་གཞན་ཞིག་ནི་ཉིན་དེའི་དགོང་མོའི་དུས་ཚོད་བཅུའི་སྟེང་། དྲག་ཆས་ཉེས་ཅན་གསུམ་གྱིས་རླངས་འཁོར་ཞིག་བསྐོར་ནས་སེ་ཏཱ་ས་ཆའི་དམག་དཔུང་གི་ཞིབ་བཤེར་ས་ཚིགས་གཞན་ཞིག་ཏུ་སོང་སྟེ། དེའི་ནང་གི་མི་གཅིག་རླངས་འཁོར་ལས་བབས་རྗེས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། དྲག་ཆས་ཉེས་ཅན་དེ་དང་དམག་མི་ཞིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་གཅིག་ལ་རྨས་ཕོག ལེ་པཱ་ནུན་གྱི་དམག་དཔུང་གིས་དེ་མ་ཐག་ཕྱིར་རྒོལ་ལན་སྤྲད་དེ། དྲག་ཆས་ཉེས་ཅན་དེ་གཉིས་བསད།

བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་སྤྱི་ཟླ་དྲུག་པར། ལེ་པཱ་ནུན་སྲིད་གཞུང་དམག་དཔུང་དང་ལེ་པཱ་ནུན་གྱི་སཱ་ལཱ་ཧྥེ་ཕྱོགས་ཁག་གི་དྲག་ཆས་ཉེས་ཅན་བར་སེ་ཏཱ་ནས་འཁྲུག་རྩོད་བྱུང་སྟེ། མི་སྣ་མང་བོ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག