ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མེ་ཡིས་ཚེས15ཉིན་བསྡུས་པའི་རུ་ཝང་ཏཱའི་རྒྱལ་གཅེས་འཐབ་ཕྱོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་སྟེང་མུ་མཐུད་དུ་སྲིད་འཛིན་ཏང་དང་རུ་ཝང་ཏཱའི་རྒྱལ་གཅེས་འཐབ་ཕྱོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་ཐུབ་པ་བྱུང་།
ཁཱ་ཅཱ་མེ་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། རྒྱལ་གཅེས་འཐབ་ཕྱོགས་ཀྱིས་རང་གི་གོ་གནས་སྲ་བརྟན་དུ་བཏང་ཡོད་པ་དང་། ད་ལྟ་རྒྱལ་གཅེས་འཐབ་ཕྱོགས་ཀྱི་ཁོངས་མི་དང་སྲིད་ཏང་གཞན་པའི་ཁོངས་མིས་མཉམ་དུ་འབད་བརྩོན་བྱས་ཏེ། རུ་ཝང་ཏཱ་དེ་མཛེས་སྡུག་གི་མ་འོངས་པར་ཁྲིད་དགོས་ཟེར།
ཁཱ་ཅཱ་མེ་ཡིས་བཤད་རྒྱུར། ད་ལྟ་རྒྱལ་གཅེས་འཐབ་ཕྱོགས་ཀྱི་ཁོངས་མིས་སེམས་ཤུགས་གཅིག་ཏུ་སྒྲིལ་ཏེ། རུ་ཝང་ཏཱའི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་དགོས་ཟེར། ཁོས་རུ་ཝང་ཏཱའི་མི་ཚང་མ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ཞུགས་ཏེ་རང་ཉིད་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། །