མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཀྲུང་གོའི་ཐུའུ154རྟགས་ཅན་གྱི་གློག་རྡུལ་མྱུལ་ཞིབ་གནམ་གྲུ་ཏེའོ་ཡུས་གླིང་ཕྲན་གྱི་ཉེ་འདབས་སུ་ཐོན་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་བློ།  ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།  2013-11-18 10:46

ཐུའུ154རྟགས་ཅན་གྱི་གློག་རྡུལ་མྱུལ་ཞིབ་གནམ་གྲུའི་པར་རིས།

   ཀྲུང་དབྱང་བརྙན་འཕྲིན་དྲ་བའི་གློག་འཕྲིན་ལྟར།འཇར་པན་འགོག་སྲུང་ལས་ཁུངས་ཀྱིས་ཚེས16ཉིན་གསར་འགྱུར་སྤེལ་ནས། ཉིན་དེའི་ཕྱི་དྲོར་ཀྲུང་གོའི་ཐུའུ154རྟགས་ཅན་གྱི་གློག་རྡུལ་མྱུལ་ཞིབ་གནམ་གྲུ་ཏེའོ་ཡུས་གླིང་ཕྲན་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་ལྔ་བཅུ་ཙམ་གྱི་བར་སྣང་དུ་ཐོན་པ་དང་། འཇར་པན་གྱི་བར་སྣང་རང་སྲུང་རུ་ཁག་གི་འཐབ་འཛིང་གནམ་གྲུ་མྱུར་དུ་གནམ་ལ་འཕུར་ཏེ་དེར་ཁ་གཏད་འཇལ་ཞེས་བཤད།

འདི་ནི་འཇར་པན་འགོག་སྲུང་ལས་ཁུངས་ཀྱིས་ཐོག་དང་པོར་བསྒྲགས་པའི་ཐུའུ154རྟགས་ཅན་གྱི་གནམ་གྲུའི་གསར་འགྱུར་ཡིན་ལ། འཇར་པན་འགོག་སྲུང་ལས་ཁུངས་ཀྱིས་ཀྲུང་གོའི་རྒྱ་མཚོའི་ཤར་མའི་འགུལ་སྐྱོད་ལ་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད། འཇར་པན་འགོག་སྲུང་ལས་ཁུངས་ཀྱིས་བཤད་པ་ལྟར་ན། ཀྲུང་གོའི་གློག་རྡུལ་མྱུལ་ཞིབ་གནམ་གྲུ་ཧན་གོའི་ཅི་ཀྲིག་གླིང་ཕྲན་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཤར་མའི་བར་སྣང་ནས་ལྷོ་ཕྱོགས་སུ་འཕུར་ཏེ་ཏེའོ་ཡུས་གླིང་ཕྲན་ཕྱོགས་སུ་ཐོན་ལ། ཐུའུ154རྟགས་ཅན་གྱི་གནམ་གྲུའི་དབྱིབས་ནི་འགྲུལ་སྐྱེལ་གནམ་གྲུ་དང་འདྲ་ཟེར།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་དོན་དག་འདིའི་སྐོར་འབྲེལ་ཡོད་མི་སྣར་དྲིས་པ་དང་། འབྲེལ་ཡོད་མི་སྣས་གལ་ཏེ་འགུལ་སྐྱོད་དེའི་རིགས་ཡོད་ཚེ། དེ་ནི་ང་ཚོའི་དམག་གི་རྒྱུན་ལྡན་གྱི་ཁྲིམས་མཐུན་འགུལ་སྐྱོད་ཡིན་པ་དང་། དེ་ནི་ཏེའོ་ཡུས་གླིང་ཕྲན་དང་བར་ཐག་སྤྱི་ལེ་བརྒྱ་དང་ལྔ་བཅུའི་མཚམས་ཀྱི་བར་སྣང་དུ་བྱུང་བའི་དོན་དག་ཅིག་ཡིན་པས། འཇར་པན་ཕྱོགས་ཀྱིས་དོན་དེ་ཏེའོ་ཡུས་གླིང་ཕྲན་དང་འབྲེལ་བ་ཡོད་པར་བཤད་པ་ནི། བསམ་བཞིན་དུ་སྒྲོ་འདོགས་བྱས་པའི་དོན་དག་ཅིག་ཡིན་ལ། ས་ཁུལ་གྱི་ཛ་དྲག་གནས་བབ་འུར་སྒྲོག་བྱས་ཏེ། རང་གིས་དམག་དོན་གྲ་སྒྲིག་བྱེད་པར་ཁ་གཡོར་ས་བཙལ་བ་ཞིག་རེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག