མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་ཙུང་ལིས་ཕ་ལེ་སི་ཐིན་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་ཁྲོད་དུ་ཆ་རྐྱེན་ཇེ་ཉུང་དུ་གཏོང་རྒྱུའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ལོ་ཙཱ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-18 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས17ཉིན་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་ད་དུང་མཚམས་ཆད་མེད་ཅེས་ནན་གྱིས་བཤད་མོད། ཡིན་ནའང་ཁོས་ཕ་ལེ་སི་ཐན་ཕྱོགས་ཀྱིས་གྲོས་མོལ་གྱི་ཆ་རྐྱེན་ཇེ་ཉུང་དུ་གཏོང་རྒྱུའི་འབོད་སྐུལ་བཏང་།

ནེ་ཐ་ཉི་ཡ་ཧུའུ་ཡིས་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཞི་བའི་གྲོས་མོལ་མཚམས་ཆད་མེད་པ་དང་ང་ཚོས་ད་དུང་གྲོས་མོལ་བྱེད་བཞིན་ཡོད་ཅེས་བཤད། དེ་དང་མཉམ་དུ་ཁོས་ཕ་ལེ་སི་ཐན་ཕྱོགས་ཀྱིས་བྱེད་ཐབས་ཁ་ཤས་སྤྱོད་རྒྱུ་ནི་ངའི་རེ་བ་ཡིན། མི་ཚང་མས་དབྱི་སི་རལ་གྱིས་ཆ་རྐྱེན་ཇེ་ཉུང་དུ་གཏོང་དགོས་ཞེས་བཤད་བཞིན་ཡོད་ལ། ད་ནི་ཕ་ལེ་སི་ཐན་ཕྱོགས་ལ་ཆ་རྐྱེན་ཇེ་ཉུང་དུ་གཏོང་དུ་འཇུག་པའི་དུས་ལ་བབས་ཡོད་དེ། དཔེར་ན་ཡུག་ཐེ་བའི་རྒྱལ་ཁབ་འདི་ཁས་ལེན་རྒྱུ་ལྟ་བུ་ཡིན་ཞེས་བཤད།

ཨ་མེ་རི་ཁས་སྐུལ་འདེད་བཏང་བར་བརྟེན། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱིས་ཟླ7པའི་ཟླ་མཇུག་ནས་བཟུང་ཐད་ཀར་དུ་ཞི་བའི་གྲོས་མོལ་བྱས་ཏེ། ཡེ་ལུའུ་ས་ལུན་དང་བདེ་འཇགས། ཡུག་ཐེ་བའི་གཏན་སྡོད་བྱེད་ས། མཐའ་མཚམས་དང་ཡུལ་གྱར་བ་སོགས་ཀྱི་མཇུག་མཐའི་གོ་གནས་གནད་དོན་ལ་གྲོས་སྡུར་བྱས་པ་མ་ཟད། ཟླ་དགུའི་ནང་དུ་གྲོས་ཆོད་ཅིག་འགོད་པར་བརྩོན་ལེན་བྱེད་རྩིས་ཡོད། ཡིན་ནའང་ཞི་བའི་གྲོས་མོལ་ལ་ད་བར་དུ་གྲུབ་འབྲས་ཅི་ཡང་མ་ཐོབ་པ་དང་། ཕ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་གཏན་སྡོད་བྱེད་ས་ལས་མཚམས་མ་བཞག་པར་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ལ་བར་ཆད་བྱས་པར་སྐྱོན་བརྗོད་བྱས་ལ། ཕ་ལེ་སི་ཐན་ཕྱོགས་ཀྱི་གྲོས་མོལ་ཚན་ཆུང་གིས་ཟླ་འདིའི་ཟླ་སྟོད་དུ་ཚང་མས་ལས་མཚམས་འཇོག་རྩིས་བྱས་ཏེ་ངོ་རྒོལ་བྱས། ཨ་མེ་རི་ཁ་དང་ཕ་ལེ་སི་ཐན་ཕྱོགས་ཀྱིས་ངོ་རྒོལ་བྱས་པས། ནེ་ཐ་ཉི་ཡ་ཧུའུ་ཡིས་གཟའ་འཁོར་སྔོན་མོར་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་ས་ལུན་ཤར་མ་ནས་གཏན་སྡོད་ཁང་པ་ཁྲི་གཉིས་ལྷག་ལས་པའི་འཆར་གཞི་མཚམས་འཇོག་ཏུ་བཅུག

ཕ་ལེ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལེ་ཁ་ཐི་ཡིས་ཚེས16ཉིན་བཤད་རྒྱུར། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་གྲོས་མོལ་ཚན་ཆུང་གི་ལས་མཚམས་འཇོག་པའི་རེ་འདོད་དང་ལེན་མ་བྱས་པ་དང་། གྲོས་མོལ་ཚན་ཆུང་གི་མི་ཚང་མས་མཉམ་དུ་ལས་མཚམས་འཇོག་པ་དེས་ཕ་ལེ་སི་ཐན་ཐེངས་འདིའི་ཞི་བའི་གྲོས་མོལ་ལས་ཕྱིར་བུད་པ་མི་མཚོན་ལ། ཕ་ལེ་སི་ཐན་གྱིས་འཆར་གཞི་ལྟར་ཟླ་དགུའི་གྲོས་མོལ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་དང་ཕ་ལེ་སི་ཐན་གྱིས2010ལོའི་ཟ9དགུ་བའི་ཟླ་མགོར་ཝ་ཧྲིན་ཏོན་ནས་ཡང་བསྐྱར་ཐད་ཀར་དུ་གྲོས་མོལ་བྱས་མོད། ཡིན་ནའང་གཟའ་འཁོར་གསུམ་ལ་གྲོས་མོལ་བྱས་རྗེས་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཏན་སྡོད་བྱེད་ས་མཚམས་འཇོག་རྒྱུའི་དུས་ཚོད་རྗེས་སུ་བསྣུར་བས་ཞི་བའི་གྲོས་མོལ་དེ་མཚམས་བཞག།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག