མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལའོ་ཝའོ་ཡི་འགྲུལ་སྐྱེལ་གནམ་གྲུ་མེ་གུང་གཙང་བོར་ལྷུང་བའི་དོན་རྐྱེན་ཁྲོད་ནས་མི49རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ལོ་ཙཱ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-18 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལའོ་ཝའོ་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟིའི་རྒྱལ་ས་ཝན་ཞང་ནས་ལྷོ་ཕྱོགས་ཀྱི་ཀྲན་པ་སའེ་ཞིང་ཆེན་གྱི་པ་སེ་གྲོང་ཁྱེར་ལ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ས་དེའི་ཚེས16ཉིན་གྱི་ཕྱི་དྲོར་ཐང་ལ་འབབ་སྐབས་མེ་གུང་གཙང་བོའི་ནང་དུ་ལྷུང་།

ཐེ་གོའི་མན་གུའུ་སྦྲག་སྲིད་ཚགས་པར་སྟེང་ཚེས16ཉིན་བཀོད་པའི་གནས་ཚུལ་ལྟར་ན། ལའོ་ཝའོ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་དེ་ས་དེའི་ཚེས16ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཞེ་ལྔའི་སྟེང་ཝན་ཞང་གི་ཝ་ཏའེ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་ཏེ། ས་དེའི་ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ་ཀྲན་པ་སའེ་ཞིང་ཆེན་གྱི་པ་སེ་གྲོང་ཁྱེར་དུ་འབབ་རྩིས་ཡོད་ཟེར།

ཐེ་གོའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུའི་སྟེང་དུ་འགྲུལ་བ44དང་ལས་དོན་པ5ཡོད་པ་ཚང་མ་རྐྱེན་ལམ་དུ་ཤོར་བ་དང་། ལའོ་ཝའོ་མཁའ་འགྲུལ་ཀུང་ཟིས་བསྒྲགས་པའི་འགྲུལ་བའི་མིང་ཐོ་ལྟར་ན། གནམ་གྲུའི་སྟེང་དུ་ཀྲུང་གོའི་འགྲུལ2གཉིས་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་ས་རུ་འབབ་སྐབས་ནམ་ཟླ་ངན་པས་ས་རུ་ལྷུང་བ་རེད་ཟེར།

ཚེས16ཉིན་གྱི་དགོང་མོར་ལའོ་ཝའོ་མཁའ་འགྲུལ་ཀུང་ཟིས་འགྲུལ་བའི་མིང་ཐོ་ཞིག་བསྒྲགས་པ་དང་། གནམ་གྲུའི་སྟེང་དུ་ཀྲུང་གོ་བ་གཉིས་དང་ཐེ་གོ་བ་ལྔ། ཨོ་སི་ཁྲུ་ལི་ཡའི་མི་ལྔ། ཧན་གོ་བ་གསུམ། ཧྥ་རན་སིའི་མི་བདུན། ཨ་རི་བ་གཅིག ཁ་ན་ཏའི་མི་གཅིག ཡའོ་ནན་གྱི་མི་གཉིས་བཅས་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག