མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱི་མྱུར་བགྲོད་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་ནས་མི་བཅུ་ཕྲག་འགར་ཤི་རྨས་ཐེབས་པ།

    2013-11-17 10:56

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱ་གར་གྱི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་མངའ་ཁོངས་ནས་མྱུར་བགྲོད་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་ནས། ཉུང་མཐར་ཡང་འཁོར་སྒམ་དྲུག་ལྕགས་ལམ་ལས་བརྒལ་བ་དང་། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ནུབ་ཕྱོགས་ཀྱི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་ནས་ཚེས་བཅོ་ལྔ་ཉིན་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག

ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། དོན་རྐྱེན་དེ་སྔ་དྲོའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། དོན་རྐྱེན་བྱུང་བའི་མེ་འཁོར་དེ་ནི་མྱུར་བགྲོད་མེ་འཁོར་ཞིག་ཡིན་ལ། རྒྱ་གར་ལྷོ་ཕྱོགས་ཤྱི་ཁཱ་ལཱ་ལཱ་པང་ནས་རྒྱལ་ས་དྷི་ལེ་གསར་བར་བགྲོད་བཞིན་ཡོད་ཅིང་། མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་མངའ་ཁོངས་སུ་བགྲོད་སྐབས་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་བ་རེད། ཉུང་མཐར་ཡང་འཁོར་སྒམ་དྲུག་ལྕགས་ལམ་ལས་བརྒལ་ཡོད་ཟེར།

བརྙན་རིས་ལས་གསལ་བ་ལྟར་ན། ལྕགས་ལམ་ལས་བརྒལ་བའི་འཁོར་སྒམ་འགའི་དབྱིབས་འགྱུར་ཡོད་པ་དང་། རྒུད་སྐྱོབ་མི་སྣ་དང་མང་ཚོགས་མང་བོ་དོན་རྐྱེན་བྱུང་སར་རུབ་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག