མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་གྲོས་མོལ་བྱེད་སར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་ཉི་ཤུ་ལྷག་ལ་རྨས་ཕོག་པ།

    2013-11-17 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་ཚོགས་ར་ཞིག་གི་ཉེ་འདབས་ནས་ཚེས་བཅུ་དྲུག་ཉིན་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཟེར། ཚོགས་ར་དེ་རུ་ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁའི་བར་གྱི་གྲོས་འཇགས་གྲོས་མཐུན་ཞིག་ལ་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད།

ཨ་ཧྥུའུ་ཧན་གྱི་དཔོན་རིགས་དེས་བཤད་རྒྱུར། ཉུང་མཐར་ཡང་དམག་མི་གཅིག་འགས་གཏོར་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག ཤི་རྨས་བྱུང་བའི་མི་སྣའི་ཁྲོད་དམག་མི་ཡོད་པར་མ་ཟད་མི་སེར་དཀྱུས་མའང་ཡོད་ཟེར། མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁས་ལེན་བྱས་མེད།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཡིས་ཐཱ་ལེ་པན་གྱིས་མཚོན་ཆ་བསྐྱུར་ནས་གྲོས་མོལ་ལ་ཞུགས་དགོས་པའི་སྐུལ་མ་བཏང་ཡང་། ཐཱ་ལེ་པན་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་འདོད་གཏན་ནས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག