མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་ཧི་མིན་གྱིས་དམ་བཅའ་བཞག་སྟེ་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར་བ།

    2013-11-17 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་འགན་ཁུར་བའི་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་ཚེས་བཅུ་དྲུག་ཉིན་རྒྱལ་ས་ཏུའུ་ཧྲང་པེ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཐཱ་ཅི་ཁི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲའོ་ཞི་ཡུང་གིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་མི་རིགས་ཕོ་བྲང་གིས་ལཱ་ཧི་མིན་ལ་ཙུང་ཐུང་དཔང་ཡིག་གནང་བ་དང་། ཐཱ་ཅི་ཁི་སི་ཐན་གྱི་རྩ་ཁྲིམས་ཁྲིམས་ཁང་གི་ཀྲུའུ་ཞི་མཱ་ཧི་མུའུ་ཏོ་ཧྥུའུ་ཡིས་ལཱ་ཧི་མིན་ལ་ཙུང་ཐུང་གི་དབང་ཤུགས་མཚོན་པའི་ཙུང་ཐུང་གི་རྟགས་མཚན་གནང་། དེའི་རྗེས་སུ་ལཱ་ཧི་མིན་གྱིས་གྲོས་ཁང་གི་མཉམ་ཞུགས་གྲོས་ཚོགས་སྟེང་དམ་བཅའ་བཞག་སྟེ་ལས་འགན་ཁུར། ལས་འགན་ཁུར་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ལཱ་ཧི་མིན་གྱིས་ཏུའུ་ཧྲང་པེ་ཡི་མཛའ་མཐུན་ཐང་ཆེན་ནས་མི་སྟོང་བདུན་གྱིས་གྲུབ་པའི་དམག་གསུམ་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་བྱས་པ་དང་། དམག་གཟིགས་ཐོབ་པའི་དམག་དཔུང་གིས་ནམ་ཡང་ལཱ་ཧི་མིན་ལ་བློ་དཀར་བའི་དམ་བཅའ་ཕུལ།

ཐཱ་ཅི་ཁི་སི་ཐན་གྱིས་ཚེས་དྲུག་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་ཡིན་ཞིང་། བསྡོམས་པས་འདེམ་སྒུག་མི་སྣ་དྲུག་འདེམ་བསྐོ་ལ་ཞུགས། ལཱ་ཧི་མིན་ལ་བརྒྱ་ཆའི་གྱ་བཞི་དང་གྲངས་གཉིས་གསུམ་གྱི་འདེམ་ཤོག་ཐོབ་ནས་བསྟུད་འགན་ཁུར་ཐུབ་པ་བྱུང་།

དེ་ནི་ལཱ་ཧི་མིན་གྱིས་ཐེངས་བཞི་བར་ཙུང་ཐུང་གི་ལས་འགན་ཁུར་བ་རེད། ལཱ་ཧི་མིན་གྱིས་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་ཐཱ་ཅི་ཁི་སི་ཐན་རང་བཙན་བྱས་རྗེས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་འགན་ཁུར་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག