མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་མིག་སྔའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་བྱེད་དགོས་པར་བཤད་པ།

    2013-11-17 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་མིག་སྔའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་དབྱི་ལིང་དང་མཉམ་དུ་གཟའ་འཁོར་གཅིག་གི་སྔོན་ལ་རི་ནེ་ཝ་ནས་གྲོས་མོལ་བྱས་པ་དང་། ཕྱོགས་སོ་སོས་ཐུན་མོང་གི་གྲོས་མཐུན་འཚོལ་ཞིབ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་རེ་འདུན་རྗེན་པར་མངོན་ཡོད། ཐེངས་འདིའི་གྲོས་མོལ་གྱིས་ཀུན་ལ་བཞག་པའི་བག་ཆགས་ནི་མིག་སྔར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་གོ་སྐབས་བཟང་བོ་བྱུང་ཡོད་པ་དང་། ཕྱོགས་སོ་སོས་གོ་སྐབས་དེ་དམ་འཛིན་བྱེད་དགོས་པ་དེ་རེད།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། མིག་སྔར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གི་མགོ་ཁྲིད་པ་གསར་བས་ཀྱང་དེར་རེ་བ་ཆེན་པོ་བཅངས་ཡོད་པས། ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་ལོན་པར་གོ་སྐབས་བཟང་བོ་བྱུང་ཡོད་ཟེར། ཁོས་མཚམས་སྦྱོར་བྱས་དོན། དབྱི་ལིང་ཕྱོགས་ཀྱིས་ལོ་གཅིག་གི་ནང་རིམ་བཞིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བཏོན་པའི་གནད་དོན་ཚང་མ་ཐག་གཅོད་བྱས་ཏེ། དབྱི་ལིང་ལ་ལག་བསྟར་བྱེད་པའི་བཀག་སྡོམ་བྱེད་ཐབས་མེད་པར་བཟོ་བར་གྲ་སྒྲིག་བྱས་ཡོད་པ་བསྐྱར་སྒྲོག་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག