མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁམ་པོ་རྫ་དང་འཇར་པན་གྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པ།

    2013-11-17 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁམ་པོ་རྫའི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་ཚེས་བཅུ་དྲུག་ཉིན་ཅིན་པེན་ནས་བསྟན་དོན། ཁམ་པོ་རྫ་རྒྱལ་ཁབ་ཀྱིས་འཇར་པན་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཧོང་སིན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས། གྲོས་མོལ་མཇུག་སྒྲིལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཧོང་སིན་གྱིས་བསྟན་དོན། ཁམ་པོ་རྫ་རྒྱལ་ཁབ་ཀྱིས་འཇར་པན་གྱི་དངུལ་གཏོང་ཚོང་བས་ཁམ་པོ་རྫ་ནས་མ་དངུལ་གཏོང་བར་སྐུལ་མ་བྱེད་བཞིན་ཡོད་པ་དང་། ཁམ་པོ་རྫ་རྒྱལ་ཁབ་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་བརྗེ་རེས་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་བདེ་འཇགས་དང་དམངས་གཙོའི་ཁྲིམས་སྐྱོང་། དཔལ་འབྱོར་མཉམ་ལས། མི་གཞུང་བརྗེ་རེས། ས་ཁོངས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཆོད་སེམས་ཡོད་པ་དང་། འཇར་པན་གྱིས་མུ་མཐུད་དུ་ཁམ་པོ་རྫའི་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨན་པའེ་ཅིན་སན་ཚེས་བཅུ་དྲུག་ཉིན་ཅིན་པེན་དུ་འབྱོར་ནས་ཁམ་པོ་རྫ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཚེས་བཅུ་བདུན་ཉིན། ཨན་པའེ་ཅིན་སན་ཁམ་པོ་རྫ་དང་བྲལ་ནས་ལའོ་ཝའོ་རྒྱལ་ཁབ་ཏུ་འཚམས་འདྲིར་འགྲོ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག