མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་ཧན་གོ་དང་ཀྲུང་གོ། འཇར་པན་བཅས་གྱི་མགོ་གཙོའི་གྲོས་ཚོགས་སྔ་མོ་ནས་བསྡུ་བར་རེ་བ་བཅངས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས14ཉིན་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་མི་དང་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་དང་ཧན་གོ་དང་ཀྲུང་གོ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་གྲོས་མོལ་སྔ་མོ་ནས་སྤེལ་བར་རེ་བས་ཁེངས་ཡོད་ཟེར།

ཧན་གོའི་གྲོས་མི་བཅུ་དྲུག་ཚེས15ཉིན་བསྡུས་པའི་ཧན་གོ་དང་འཇར་པན་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ཚོགས་ཆེན་ལ་ཞུགས་པའི་ཆེད་དུ་འཇར་པན་དུ་ཡོང་བ་རེད། གྲོས་མི་ལ་ལས་བཤད་རྒྱུར། ཨན་པའེ་ཅིན་སན་གྱིས་བཞུགས་མོལ་བྱེད་སྐབས་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། མགོ་གཙོའི་གྲོས་མོལ་དེ་ད་ལོར་བསྡུས་ཆོག་ཟེར།

ཨན་པའེ་ཅིན་སན་གྱིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་རྩོད་གླེང་ཐག་གཅོད་བྱེད་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་བར་རང་དབང་དང་དམངས་གཙོའི་ཐད་ཐུན་མོང་གི་རིན་ཐང་ལྟ་ཚུལ་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག