མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱིས་ཐུན་མོང་གི་ལོ་རྒྱུས་བསླབ་གཞི་པར་བསྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:20

1.jpg

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་པར་རིས་རྒྱུ་ཆ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས14ཉིན་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱིས་ཐུན་མོང་གི་ལོ་རྒྱུས་བསླབ་གཞི་པར་བསྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། བྱེད་ཐབས་དེ་རིགས་ཞི་བདེ་དང་མཉམ་ལས་ལ་ཡར་སྐུལ་བྱེད་པར་ཕན་པ་ཡོད་ཟེར།

    ཕེའོ་ཅིན་ཧོས་ཉིན་དེར་ཧན་གོའི་རྒྱལ་བཙུགས་ཕྱི་འབྲེལ་གླིང་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་བྱ་འགུལ་ལ་ཞུགས་སྐབས། ཡོ་རོབ་གླིང་རྒྱལ་ཁབ་ཀྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་བྱེད་ཐབས་དཔེ་རུ་བྱས་ཏེ། ཐུན་མོང་གི་ལོ་རྒྱུས་བསླབ་གཞིའི་འདོད་བློ་རྒྱས་བཤད་བྱས།

    ཕེའོ་ཅིན་ཧོས་ཀྱིས་བཤད་རྒྱུར། འཇར་མན་དང་ཧྥ་རན་སི། འཇར་མན་དང་ཕོ་ལན་རྒྱལ་ཁབ་དག་དང་འདྲ་བར་ང་ཚོས་ཀྱང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་ཐུན་མོང་གི་ལོ་རྒྱུས་བསླབ་གཞི་ཞིག་པར་བསྐྲུན་བྱས་ཏེ། གྲོས་མོལ་དང་མཉམ་ལས་ཀྱི་རྒྱུན་སྲོལ་འཛུགས་དགོས་པ་དང་། དེ་ས་ཁུལ་རང་གི་ལོ་རྒྱུས་གནད་དོན་རྩ་བ་ནས་ཐག་གཅོད་པར་ཕན་པ་ཡོད་ཟེར།

    ཕེའོ་ཅིན་ཧོས་ཀྱིས་བཤད་རྒྱུར། ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་སྣེ་ཁྲིད་བྱེད་པའི་ཆེས་གསོན་ཤུགས་ལྡན་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཅང་མི་འགོར་བའི་མ་འོངས་པར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ས་ཁོངས་གཙོ་བོར་འགྱུར་བའི་སྦས་ཤུགས་ཡོད། ཡིན་ན་ཡང་མཛེས་སྡུག་གི་མདུན་ལྗོངས་དེ་དག་མངོན་འགྱུར་བྱེད་པར་ཐོག་མར་ལོ་རྒྱུས་གནད་དོན་ཐག་གཅོད་བྱེད་དགོས་ལ། ང་ཚོས་ངེས་པར་དུ་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དེ་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་པའི་ས་གནས་ཤིག་ཏུ་འགྱུར་བར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག