མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་དངོས་སུ་འཕྲིན་ཡིག་བསྐུར་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་དང་ལེན་མ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-14 10:35

ཀྲུང་དབྱང་བརྙན་འཕྲིན་དྲ་བའི་འཕྲིན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཚེས12ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། ཕན་ཅི་བུན་ལ་ཉིན་དེར་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་དང་ལེན་མི་བྱེད་པའི་འབྲེལ་ཡོད་ཡིག་ཆ་འབྱོར་ཡོད་ཟེར།

ནེ་ཞི་ཨར་ཅི་ཡིས་ད་རུང་བཤད་རྒྱུར། དོན་དེར་ད་ལྟ་སོ་ཏི་ཨ་རབ་དང་མཉམ་འབྲེལ་རྒྱལ་གཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས། ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཉམ་དུ་བསམ་བློ་གཏོང་དགོས་ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་བའི་འཕྲིན་ཡིག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་འཐུས་མི་མུའུ་ཨ་ལེ་མུས་ཀྱིས་ཚེས12ཉིན་ཕན་ཅི་བུན་ལ་བསྐུར་བའི་འཕྲིན་ཡིག་ནང་བཤད་རྒྱུར། སོ་ཏི་ཨ་རབ་སྲིད་གཞུང་གིས་ཁྱེད་ལ་ཞུ་རྒྱུ་ཞིག་ལ། ཡིད་འཕང་བ་ཞིག་ལ2013ལོའི་ཟླ10བའི་ཚེས17ཉིན་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཏུ་བདམས་ཐོན་བྱུང་རྗེས། སོ་ཏི་ཨ་རབ་ཀྱིས2014ལོ་དང2015ལོའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་ཐབས་མེད་ཟེར།

འཕྲིན་ཡིག་དེའི་རྗེས་སུ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཟླ10བའི་ཚེས18ཉིན་སྤེལ་བའི་འབྲེལ་ཡོད་གསལ་སྒྲོག་ཟུར་སྣོན་བྱས་ཡོད་པ་དང་། སོ་ཏི་ཨ་རབ་ཀྱིས་ད་རུང་འཕྲིན་ཡིག་ནང་རང་གི་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ལས་ཁུངས་སོ་སོའི་དམ་བཅའ་བསྐྱར་སྒྲོག་བྱས་པ་དང་། ཕན་ཅི་བུན་གྱིས་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་སྐབས་མངོན་པའི་མགོ་ཁྲིད་ནུས་པར་གཟེངས་བསྟོད་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པས་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་སོ་ཏི་ཨ་རབ་དང་ཀྲ་ཏི། ལི་ཐའོ་ཝན། ནེ་ཀྲི་རི་ཡཱ། ཀྲི་ལི་བཅས་རྒྱལ་ཁབ་ལྔ་བོ་དེ2014ལོ་ནས2015ལོའི་བར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཏུ་བདམས་པ་དང་། དེ་ནི་སོ་ཏི་ཨ་རབ་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཏུ་བདམས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག