མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཁྲའོ་ཞན་ལ་འཚམས་འདྲི་བྱས་པའི་གྲོས་མིའི་ཏང་ནང་གི་ལས་འགན་འཁུར་མཚམས་འཇོག་ཏུ་བཅུག་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-14 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།འཇར་པན་གཡས་ཕྱོགས་སྲིད་ཏང་འཇར་པན་ཝེ་ཞིན་ཚོགས་པས་ཚེས12ཉིན། རྒྱལ་ཚོགས་ཀྱི་ཆོག་མཆན་མ་ཐོབ་པར་ཁྲའོ་ཞན་ལ་འཚམས་འདྲི་བྱས་པའི་གྲོས་ཞུགས་ཁང་གི་གྲོས་མི་ཀྲུའུ་མུའུ་ཡི་ཝེ་ཞིན་ཚོགས་པའི་ལས་འཛིན་པ་གཞོན་པའི་ལས་འགན་དང་ཏང་ཡོན་གྱི་ཐོབ་ཐང་ཉིན་ལྔ་བཅུར་མཚམས་འཇོག་པའི་ཆད་པ་གཅོད་རྒྱུ་ཐག་བཅད།

མིང་བཤད་མི་འདོད་པའི་ཝེ་ཞིན་ཚོགས་པའི་ཁོངས་མི་ཞིག་གིས་ཉིན་དེར་གསར་འགོད་པར་གནས་ཚུལ་དེ་བཤད་པ་རེད། ཆད་པ་བཅད་པའི་དུས་སྐབས་ནང་དུ་ཀྲུའུ་མུའུ་ཝེ་ཞིན་ཚོགས་པའི་ནང་ཁུལ་གྱི་གྲོས་ཚོགས་ལ་ཞུགས་མི་ཆོག་པ་དང་། ཝེ་ཞིན་ཚོགས་པས་འདོན་སྤྲོད་བྱས་པའི་ཆབ་སྲིད་མ་དངུལ་ཡང་བླངས་མི་ཆོག་ཟེར།

གྲོས་ཞུགས་ཁང་གིས་ཚེས13ཉིན་ཀྲུའུ་མུའུ་ལ་ཆད་པ་གཅོད་པའི་གྲོས་གཞི་ལ་བརྡས་ཐག་གཅོད་རྒྱུ་ཡིན་པ་དང་། གྲོས་གཞི་དེ་སྲིད་འཛིན་པའི་རང་དབང་དམངས་གཙོ་ཏང་དང་། ཀུང་མེན་ཏང་། སྲིད་དབང་བཟུང་མེད་པའི་ཏང་ཁག་མང་བོའི་མཉམ་དུ་བཏོན་པ་ཡིན་ཞིང་། ཚོད་དཔག་བྱས་ན་གྲོས་མཐུན་འབྱུང་བར་གནད་དོན་ཅི་ཡང་ཡོད་མི་སྲིད། དེ་ནི1952ལོའི་ཚུན་ལ། གྲོས་ཞུགས་ཁང་གིས་ཐོག་དང་པོར་གྲོས་མིར་ཆད་པ་གཅོད་པའི་གྲོས་གཞི་ལ་བརྡས་ཐག་བཅད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག