མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-13 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ11པའི་ཚེས12ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིག་ཅེ་དབྱེ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་པའོ་ཧེ་གན་དོན་གྱི་དཔྱད་གླེང་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ། ལིག་ཅེ་དབྱེ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། པའོ་ཧེ་ནི་པར་ཀན་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་། པའོ་ཧེ་ཡི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཁྱད་པར་དུ་ས་ཁུལ་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་གཏོང་རྒྱུའི་གྲོས་མཐུན་བཀོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དོན་དེར་དགའ་བསུ་ཞུས།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས12ཉིན་གྲོས་མཐུན་བཀོད་དེ། པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཟླ་ངོ་བཅུ་གཉིས་ཀྱིས་ཇེ་རིང་དུ་བཏང་སྟེ། ཏའེ་ཏོན་གྲོས་མཐུན་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་ཐག་བཅད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིག་ཅེ་དབྱེ་ཡིས་དཔྱད་གླེང་ཚོགས་འདུར་མགོ་འཛིན་བྱས་རྗེས་གཏམ་བཤད་སྤེལ་ཏེ། ཀྲུང་གོའི་འབྲེལ་ཡོད་གྲོས་གཞིའི་ཐད་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་པའོ་ཧེའི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས་ཏེ་གྲོས་ཆོད་གཉིས་གཅིག་གཉིས་གསུམ་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་བཏང་རྗེས་ཀྱི་ལས་འགན་གཙོ་བོ་ནི་པའོ་ཧེ་རུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་དང་མཉམ་དུ་ཏའེ་ཏོན་གྲོས་མཐུན་ལག་བསྟར་བྱེད་པར་རམ་འདེགས་བྱས་ཏེ། བརྟན་འཇགས་དང་ཞི་བདེ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་རེད་ཟེར།

ལིག་ཅེ་དབྱེ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་དེ་བཀོད་ནས་པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་མང་བོའི་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་བཏང་བར་དགའ་བསུ་ཞུ་བཞིན་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་དཔུང་གིས་མུ་མཐུད་དུ་པའོ་ཧེ་དྲག་ཆས་དམག་དཔུང་བར་མཉམ་ལས་བཟང་བོ་བྱས་ཏེ། པའོ་ཧེའི་བདེ་འཇགས་དང་བརྟན་འཇགས་ཐད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས་པའི་རེ་བ་བཏོན།

ལིག་ཅེ་དབྱེ་ཡིས་བཤད་རྒྱུར། པའོ་ཧེ་ནི་པར་ཀན་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་། པའོ་ཧེ་ཡི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཁྱད་པར་དུ་ས་ཁུལ་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པའོ་ཧེའི་གནད་དོན་ཐད་ནས་དོ་མཉམ་དང་སེམས་ཆུང་གི་རྣམ་འགྱུར་བཟུང་སྟེ། ཕྱོགས་སོ་སོའི་བསམ་འཆར་དང་འདོད་ཕྱོགས་ལ་ཞིབ་ཏུ་ཉན་དགོས་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག