མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་བར་གྱི་ཞི་བའི་གྲོས་མོལ་མཚམས་འཇོག་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-13 10:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཚེས12ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཕཱ་ལེ་སི་ཐན་སྲིད་གཞུང་གིས་དབྱི་སི་རལ་བར་གྱི་ཞི་བའི་གྲོས་མོལ་མཚམས་འཇོག་སྲིད་ཟེར།

བསྒྲགས་པ་ལྟར་ན། ཆོད་དོན་དེ་བཏོན་པའི་རྒྱུ་མཚན་ནི་དབྱི་སི་རལ་སྲིད་གཞུང་གིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ཚོང་འགུག་འགྲན་རྩོད་བྱེད་དུ་འཇུག་རྒྱུ་ཁྱབ་སྒྲོག་བྱས་པ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་ཤར་མ་ས་ཁུལ་དུ་ཡིའུ་ཐེ་བའི་གཏན་སྡོད་ཁང་བ་ཁྲི་གཉིས་ལྷག་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག