མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱིས་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་པའི་འཕུར་མདའི་འགོག་སྲུང་མ་ལག་གི་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-13 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅུའུ་མུའུ་ལོས་ཆི་ཁི་ཡིས་ཚེས12ཉིན་ཐུར་ཁེའི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ལ་རེ་ཞུ་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་པའི་རྒྱལ་གཅེས་མཁན་རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གི་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་དགོས་པའི་རེ་བ་བཏོན།

ཅུའུ་མུའུ་ལོས་ཆི་ཁི་ཡིས་བཤད་རྒྱུར། ན་ནིང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ཏུ་རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་པའི་ཚུན་ལ། འགྱུར་ལྡོག་ཅི་ཡང་བྱུང་མེད་པས། རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་དེ་སྔར་བཞིན་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་འཇོག་དགོས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཏཱ་བུའུ་ཐི་ཨོ་ལུའུ་ཡིས་བྱང་ཆིངས་རྩ་འཛུགས་ལ་འཕྲིན་ཡིག་སྤྲད་དེ། བྱང་ཆིངས་རྩ་འཛུགས་ཀྱིས་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་རྒྱལ་གཅེས་མཁན་གྱི་འཕུར་མདའི་འགོག་སྲུང་མ་ལག་གི་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུའི་རེ་བ་དངོས་སུ་བཏོན་ཟེར།ཚ

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག